非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
༄༅།།འབའ་ལུང་རྫོང་གི་ཕུན་སུམ་ཚོགས་པའི་མཐའ་ཆུའི་རས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 18:22:17   འབྱུང་ཁུངས།༇བསོད་ནམས་ཀྱིས་བསྒྱུར།

མཐའ་ཆུ་གྲོང་རྡལ་ནི་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་བྱང་ཤར་ས་ཁུལ་དང་འབྲི་ཆུའི་ནུབ་རྒྱུད་ས་ཁུལ་དུ་གནས་ཡོད།གྲོང་རྡལ་སྲིད་གཞུང་གི་གནས་ས་དེ་རྫོང་མཁར་དང་རྒྱང་ཐག་སྤྱི་ལེ་68ཡོད་པ་དང་།ཁུལ་སྲིད་གཞུང་གི་གནས་ས་དང་རྒྱང་ཐག་སྤྱི་ལེ་120ཡོད་ལ།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2020ཡོད།གྲོང་རྡལ་ཡོངས་ལ་ཞིང་དུད་3053ཡོད་ལ་མི་གྲངས་14787ཡོད་དེ།བོད་རིགས་དང་འཇང་རིགས(མུ་ལི་མིའུ་སུའོ་མི)།ལི་སུའུ་རིགས།རྒྱ་རིགས།དབྱི་རིགས།པའེ་རིགས་སོགས་མི་རིགས་ཁག་བརྒྱད་ཡོད།དེའི་ནང་ལས།བོད་རིགས་ཀྱི་མི་གྲངས་ནི་སྤྱིའི་མི་གྲངས་ཀྱི་38%བཟུང་ཡོད།མི་རིགས་སོ་སོས་རང་ཉིད་ཀྱི་སྐད་ཆ་སྤྱོད་ཡོད་ལ།མི་འགའ་ཤས་ཀྱིས་མི་རིགས་མང་པོའི་སྐད་ཆ་བཤད་ཤེས་པ་རེད།རྒྱ་ཡིག་སྤྱོད་པ་མ་གཏོགས་པར།བོད་རིགས་ཉུང་ཤས་ཀྱིས་ད་དུང་བོད་ཡིག་སྤྱོད་ཀྱིན་ཡོད།

མཐའ་ཆུའི་རས་པའི་འབྱུང་ཁུངས་ཀྱི་སྐོར་ལ་མཐའ་ཆུར་བཤད་སྲོལ་མང་པོ་ཞིག་དར་ཁྱབ་ཡོད།འོན་ཀྱང་།དེའི་ནང་ལས་ཕ་དམ་པོ་སངས་རྒྱས་ཀྱིས་བརྩམས་པ་ཡིན་པའི་བཤད་སྲོལ་དེ་ཆེས་ཁྱབ་ཆེ།ས་གནས་དེར་ཕ་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་དང་དེ་སངས་རྒྱས་པའི་གནས་ཏེ་དམ་པ་གནས་ཞེས་པའི་གནས་མཆོག་ཅིག་ཡོད།རས་པའི་སྒྱུ་རྩལ་བ་འགའ་ཤས་ཀྱིས་ད་དུང་མི་རབས་ནས་མི་རབས་བཞིན་ཡར་འདེད་ནས་དགེ་རྒན་ཚོའི་མིང་བགྲང་ཐུབ་པ་རེད།

མཐའ་ཆུའི་རས་པ་ནི་གནའ་ཉམས་ལྡན་པའི་བྲོ་གར་གྱི་རིགས་ཤིག་ཡིན་ཞིང་།འཁྲབ་སྟོན་རང་བཞིན་གྱི་བྲོ་གར་ཞིག་ཡིན་ལ།དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད།ལོ་རྒྱུས་ཀྱི་རྒྱུན་རིང་པོ་ལྡན་ཞིང་།དེ་ནི་རྔ་རྡུང་ནས་རམ་དཀྲོལ་བྱེད་པ་དང་།དབྱངས་དང་བྲོ།བསམ་ཚུལ་ཆིག་ལབ་འཁྲབ་ཚན་སོགས་ནས་གྲུབ་པའི་ཐུན་མོང་གི་གླུ་གར་ཞིག་རེད།

མཐའ་ཆུའི་རས་པ་ཧྲིལ་པོར་འཁྲབ་ཐེངས་ཁག་མང་པོ་བགོས་ཡོད་ལ།གཞས་ཚིག་དང་གཞས་གདངས་ཕུན་སུམ་ཚོགས་པོ་ཡོད།འཁྲབ་ཐེངས་རེ་རེས་སྙན་ཞིང་འཇེབས་པའི་གླུ་སྒྲས་འགོ་ཚུགས་རྒྱུ་ཡིན་ཞིང་།འཁྲབ་ཚན་ཁག་ནི་སོ་སོར།《གནམ་ས་དང་ཕྱོགས་བཞི་ལ་མཆོད་པ》《ཉི་མ་དང་ཟླ་བ།སྐར་མ་གསུམ》 《རྔ་རྡུང་འཁྲབ་པ》《ལྷ་དང་ང་ཚོས་མཉམ་དུ་རས་པ་འཁྲབ་པ》《ལྷ་དང་སྐུ་མགྲོན་ལ་ཕེབས་སྐྱེལ་བྱེད་པ》སོགས་འཁྲབ་ཚན་ཁག་དགུ་ཡོད།

མཐའ་ཆུའི་རས་པར་དང་ཐོག་འཁྲབ་དུམ་མང་པོ་ཡོད་ལ་གཏན་ཁེལ་གྱི་འཁྲབ་ཚུལ་ཡོད་དེ།གང་མོས་ཀྱིས་འཁྲབ་ཚུལ་བསྒྱུར་ནས་འཁྲབ་མི་ཆོག རས་པ་ལ་ཁྱོན་བསྡོམས་པར་འཁྲབ་དུམ་ཁག་18ཡོད།

རས་པའི་འཁྲབ་མཁན་ལ་ཐོག་མར་དམིགས་བསལ་གྱི་འཁྲབ་ཆས་སྤྲ་དགོས་ཤིང་།འཁྲབ་མཁན་ཡང་སྔོན་ཚུད་ནས་གཏན་ཁེལ་བྱ་དགོས།

མཐའ་ཆུར།དུད་ཚང་ཀུན་དང་སྐྱེ་བོ་ཀུན་གྱིས་རས་པའི་སྒྱུ་རྩལ་དེ་ལ་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད་དེ།མི་ཚོ་ཧུར་ཐག་གིས་འདྲ་མིན་སྣ་ཚོགས་ཀྱི་རས་པའི་འཁྲབ་སྟོན་བྱེད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད།ད་དུང་ས་ཆ་འདིར་རས་པ་འཁྲབ་དུས་མི་རིགས་ཀྱི་དབྱེ་བ་མི་འབྱེད་པར།མི་རིགས་གང་རུང་ཞིག་ཡིན་ཡང་རལ་པའི་སྒྱུ་རྩལ་དེ་ལ་ཧ་ཅང་དགའ་པོ་ཡོད་པའི་ཁར།གྲོང་སྡེ་གང་རུང་དང་མི་རིགས་གང་རུང་ཞིག་ཡིན་ཡང་རལ་པའི་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱ་ཐུབ་པ་རེད།(བསོད་ནམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།