非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཀོང་རྩེད་ར་གྲོང་ཚོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 11:50:00   འབྱུང་ཁུངས།༇

ཀོང་རྩེད་ར་ནི་འཇོལ་རྫོང་ཀོང་རྩེད་རའི་གྲོང་རྡལ་གྱི་སྲིད་གཞུང་ཡོད་སའི་གནས་ཡིན་ལ། བོད་མིའི་གྲོང་ཚོ་ཞིག་ཡིན། ཁྱོན་བསྡོམས་དུད་ཚང་258ཡོད་ལ། མི་གྲངས་1816ཡོད་པ་རེད། གྲོང་མི་དག་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལས་ཁམས་སྐད་སྤྱོད་བཞིན་ཡོད་ལ།ས་འདིའི་སྐོར་བྲོ་དང་ཤིང་བཟོའི་སྒྱུ་རྩལ།ཤིང་བརྐོས་དང་ལྡེབས་རིས་མཛེས་རྩལ་སོགས་བོད་ཁུལ་དུ་མིང་གྲགས་ཆེ་བ་མ་ཟད།མི་རབས་ནས་མི་རབས་བར་རྒྱུད་སྤེལ་བྱེད་བཞིན་ཡོད།

ཀོང་རྩེད་རའི་ཤིང་བཟོས་ལག་ཆས་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་ཞིང་།ངག་རྒྱུན་དུ་ཀོང་རྩེད་རར་ཤིང་བཟོའི་བཟོ་རྩལ་གྱི་ཁྱིམ་ཚང་གཅིག་ཡོད་པ་དང་།ཁོ་ཚང་ལ་བུ་སྤུན་བཞི་དང་བུ་མོ་གཅིག་ཡོད།བུ་སྤུན་བཞི་བོས་ཤིང་བཟོའི་ལག་རྩལ་བསླབས་པ་རེད།ད་ལྟའང་ཁྱིམ་ཚང་འདི་གའི་ཤིང་བཟོའི་ལག་རྩལ་ཧ་ཅང་བཟང་བ་དང་།ཀོང་རྩེད་ར་ཡང་སྐད་གྲགས་ཅན་གྱི་མི་རིགས་ལག་རྩལ་ཐོན་རྫས་ཁུལ་ཡིན་ལ།ལྷག་པར་དུ་ཤིང་ཕོར་དང་རྩམ་པའི་སྣོད།མར་སྣོད།ཤིང་སྡེར།བོད་ལུགས་ཀྱི་ཅོག་ཙེ་སོགས་བཟོ་རྩལ་མཛེས་ཤིང་།སྙན་གྲགས་གང་སར་ཁྱབ་ཡོད་པ་རེད། མིང་རྒྱལ་རབས་དང་ཆིན་རྒྱལ་རབས་ཀྱི་སྐབས་ནས་བོད་ལྗོངས་དང་མཚོ་སྔོན།སི་ཁྲོན།ཀན་སུའུ་སོགས་བོད་ཁུལ་གྱི་ས་ཆ་དང་།ད་དུང་རྒྱ་གར།བལ་ཡུལ་སོགས་ཕྱི་རྒྱལ་དུའང་ཀོང་རྩེད་རའི་ཚོང་རྫས་ཉོ་ཚོང་བྱེད་བཞིན་ཡོད།ཉེ་བའི་ལོ་འགའི་རིང་།ཀོང་རྩེད་རའི་ཐུན་མོང་མ་ཡིན་པའི་ལག་རྩལ་ཐོན་རྫས་དག་ལ་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།

དུས་རབས་17པའི་དུས་མཇུག་དང་དུས་རབས་19པའི་དུས་འགོར།ཀོང་རྩེད་རའི་མང་ཚོགས་ཀྱིས་གྲོང་སྡེ་རུ་མཆོད་རྟེན་བརྒྱད་དང་ལྷ་ཁང་6བཞེངས་ཡོད།ཆིན་རྒྱལ་རབས་ཀྱི་དུས་སུ་བྲིས་པའི་ལྡེབས་རིས་དག་ཆ་ཚང་གིས་ཉར་ཚགས་བྱས་ཡོད་ལ།ལྡེབས་རིས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་217ཡོད་པ་རེད།ལྡེབས་རིས་འདི་འབྲི་མཁན་ལྷ་བཟོ་ནི་ཀོང་རྩེད་རའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཞིག་ཡིན་ལ།ལྡེབས་རིས་སྟེང་ཆིན་རྒྱལ་རབས་སྐབས་ཀྱི་ཀོང་རྩེད་རའི་ས་ཁུལ་ཀྱི་དམངས་ཁྲོད་སྤྱི་ཚོགས་ཐོན་སྐྱེད་ཀྱི་འཚོ་བ་དངོས་ཞིབ་འབྲི་བྱས་ཡོད་པ་རེད།2003ལོའི་ཟླ12པར་ཞིང་ཆེན་རིམ་པའི་དངོས་རྫས་སྲུང་སྐྱོང་ལས་ཁུངས་ཀྱི་ཆོག་མཆན་གནང་བ་རེད།

ཀོང་རྩེད་རའི་གྱོན་ཆས་དེ་གནའ་དུས་སུ་ཡུལ་དཔོན་དང་སྐུ་དྲག དབུལ་བོ་སོགས་ཀྱི་རིམ་པ་བགར་བ་དང་།སྤྱིར་བཏང་དུ་གྱོན་ཆས་དེ་དག་རིམ་པ་བཞི་རུ་བགར་ཡོད་པ་རེད།རིམ་པ་དང་པོའི་གྱོན་ཆས་ནི་དར་གོས་སེར་པོས་གཙོ་བྱས་པ་དང་།འབྲུག་དང་ཁྱུང་སོགས་ཀྱི་རི་མོ་ཕབ་ཡོད་ལ།དབུ་ཞྭ་སེར་པོ་གོན་པས།བླ་མ་དང་སྐུ་དྲག་སོགས་གོ་ས་མཐོ་བའི་མིའི་གྱོན་ཆས་ཡིན།རིམ་པ་གཉིས་པའི་གྱོན་ཆས་ནི་དར་གོས་དམར་པོ་དང་།ལྗང་ཁུ།ནག་པོ་སོགས་ཀྱིས་གཙོ་བྱས་པ་ཡིན།རིམ་པ་གསུམ་པའི་གྱོན་ཆས་ནི་བལ་གྱིས་བཟོས་པའི་གྱོན་ཆས་ཡིན་ལ་སྤྱིར་བཏང་གི་མང་ཚོགས་ཀྱི་གྱོན་པ་ཡིན།རིམ་པ་བཞི་བའི་གྱོན་ཆས་ནི་པགས་རིགས་ཀྱིས་བཟོས་པའི་གྱོན་ཆས་ཏེ།ལས་གནས་མེད་པའི་འབྲོག་པ་དང་གཏན་སྡོད་ཀྱི་གནས་ཡུལ་མེད་པའི་མིའི་གྱོན་ཆས་ཡིན།ད་ལྟ་གྱོན་ཆས་དག་ལ་པགས་རིགས་ཀྱི་མཐའ་རྒྱན་ཡོད་པ་རེད།ངག་རྒྱུན་དུ།གནའ་དུས་བོད་མི་རིགས་ཀྱིས་དམག་འཁྲུག་གི་ཟིང་ཆ་སློང་བའི་སྐབས་སུ་བྱས་རྗེས་བཞག་པའི་དཔའ་བོ་དང་བློན་པོ་རྣམས་ལ་སྟག་དང་གཟིག སྲམ་སོགས་ཀྱི་པགས་པའི་་བྱ་འགའ་གནང་བ་རེད།

གེ་སར་གླིང་སྒྲུང་ཡང་ཀོང་རྩེད་རར་དར་ཁྱབ་ཆེ་ལ།ད་དུང་དམངས་ཁྲོད་གཏམ་རྒྱུད་《དཔའ་བོ་ལྷ་ཀླུང་མགོན་པོ་དར་རྒྱས》དང་《ནས་ཀྱི་འབྱུང་ཁུངས》《ཨ་ཁུ་སྟོན་པའི་གཏམ་རྒྱུད》《རྒྱ་བཟའ་ཀོང་ཅོ》སོགས་ཡོད་པ་རེད།

ཀོང་རྩེད་རའི་བོད་ཀྱི་ཞབས་བྲོ་ལ་གཙོ་བོ་སྐོར་བྲོ་དང་གཞས་བྲོ་སོགས་ཡོད་ལ།ཀོང་རྩེད་རའི་དམངས་ཁྲོད་ཀྱི་ལུས་རྩལ་ནི་མི་རབས་ནས་མི་རབས་བར་བརྒྱུད་པའི་ལུས་རྩལ་ཞིག་ཡིན་ལ།བོད་སྐད་དུ་སྐེད་འཐེན་ཞེས་ཟེར།དེ་ནི་ལུས་ཕུང་སྦྱོང་བརྡར་དང་འགྲན་བསྡུར་ གྱི་བྱ་འགུལ་ཞིག་ཡིན།

ཀོང་རྩེད་རའི་གལ་ཆེན་གྱི་དུས་ཆེན་ནི་ལོ་གསར་དང་།དགུ་གཏོར་དགོན་པའི་འཆམ།བདུན་པའི་བཅོ་ལྔའི་རི་སྐོར།དགའ་ལྡན་ལྷ་མཆོད་སོགས་ཡོད།ལོ་རེའི་བོད་རྩིས་ཀྱི་ཟླ10པའི་ཚེས25ནི་རྗེ་ཙོང་ཁ་བ་མྱ་ངན་ལས་འདས་པའི་ཉིན་ཡིན་པས།མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཡོངས་དང་དད་ལྡན་མང་ཚོགས་ཀྱིས་མཆོད་མེ་དང་ཁ་འདོན་བྱས་ནས་མྱ་ངན་ཞུ་རྒྱུ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།