非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཉི་ཤར་གྱི་རྫ་ནག་བཟོ་རྩལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:06:56   འབྱུང་ཁུངས།༇ཆོས་ལྡན་གྱིས་བསྒྱུར།

 རྫ་ནག་གི་ལོ་རྒྱུས་དེ་ཆེས་སྔོན་མར་བརྩིས་ན་རྡོ་ཆས་གསར་པའི་དུས་སྐབས་ཀྱི་དུས་མཇུག་ཏུ་ཕུགས་འདེད་བྱེད་ཆོག་ཅིང་།ད་བར་ལོ་ངོ་སྟོན་ཕྲག་བཞིའི་ལོ་རྒྱུས་ལྡན་དེ།རྨ་ཆུའི་དབུས་སྨད་རྒྱུད་ཀྱི་གདོད་མའི་རིག་གནས་ཀྱི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན།ཉི་ཤར་ཐང་སྟོད་གྲོང་སྡེའི་མིང་གྲགས་ལྡན་པའི་རྫ་ནག་བཟོ་མཁས་བསོད་ནམས་ཚེ་རིང་གིས་ངོ་སྤྲོད་བྱས་དོན།རང་ས་གནས་ཀྱི་རྫ་ནག་བཟོ་བའི་ལག་རྩལ་དར་བའི་དུས་ཡུན་ནི་ཧ་ཅང་རིང་པོ་ཡོད་དེ།ད་བར་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ཡོད་ལ།ལག་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ཆད་མྱོང་མེད་པ་མ་ཟད།ད་ལྟའང་ལོ་ངོ་སྟོང་ཕྲག་སྔོན་གྱི་ལག་བཟོའི་སྒྱུ་རྩལ་དེ་སོར་ཉར་ཡོད།གྲོང་སྡེའི་ནང་གི་རྫ་ཆས་ཀུན་ལག་རྩལ་པས་ཉམས་མྱོང་ལ་བརྟེན་ནས་ལག་པས་རྡུང་རྫི་བྱས་ཏེ་བཟོས་པ་ཤ་སྟག་ཡིན་ལ།རི་མོ་ནི་སྨྱུག་གཟེར་གྱིས་བྲིས་པ་ཡིན་པས།རྫ་ནག་རེ་རེར་བྲིས་པའི་རི་མོ་དང་དེའི་མཐུག་སྲབ་མི་འདྲ་བའི་ཁྱད་ཆོས་ལྡན་ཞིང་།བསྲེགས་རྗེས་རྫ་ཁོག་དེ་ནག་ཐིང་ཐིང་དུ་འགྱུར་རྒྱུ་རེད་དེ།རྒྱ་ཆེའི་ཉོ་མཁན་ཚོའི་དགའ་བསུ་ཐོབ་ཀྱིན་ཡོད།

རྫ་ནག་གི་སྒྱུར་རྩལ་པ་ཀོ་ཅུན་ཧྭ།

 

བསོད་ནམས་ཚེ་རིང་གིས་རྫ་ནག་བཟོ་བཞིན་པ།

ལོ་ན་དྲུག་ཅུ་ལྷག་ཟིན་པའི་བསོད་ནམས་ཚེ་རིང་ནི་གྲོང་སྡེ་དེའི་རྫ་ནག་བཟོ་བའི་དུས་ཡུན་ཆེས་རིང་བའི་རྫ་ནག་བཟོ་མཁན་ཞིག་ཡིན་ཞིང་།ད་བར་ལོ་ངོ་50ལྷག་གི་ལོ་རྒྱུས་ལྡན་ཏེ།གྲོང་སྡེའི་ནང་གི་རྫ་ནག་བཟོ་བའི་ཉམས་མྱོང་ཆེས་ཕུན་སུམ་ཚོགས་པོ་ལྡན་པའི་དགེ་རྒན་ཆེན་མོར་གྱུར་ཡོད།ཁོང་ལོ་ན་བཅུ་གཅིག་གི་སྐབས་སུ།ཨ་མེས་ལ་རྫ་ནག་བཟོ་བའི་ལག་རྩལ་སྦྱངས་ཤིང་།རང་གིས་བཟོས་པའི་རྫ་ནག་ནི་ཁྱིམ་ཚང་གི་རྒྱུན་སྤྱོད་དུ་བྱས་པ་རེད།བསམ་ཡུལ་ལས་འདས་པ་ཞིག་ནི་རྗེས་སུ་རང་ཉིད་ཀྱི་ལག་རྩལ་དེ་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་གྱུར་ཞིང་།རང་ཉིད་ཀྱང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རྒྱུན་འཛིན་པ་ཞིག་ཏུ་གྱུར་བ་རེད།མིག་སྔར།བསོད་ནམས་ཚེ་རིང་ཁྱིམ་ཚང་གཅིག་ལ།མི་བཞི་རྫ་ནག་བཟོ་བའི་ལས་ཀ་བྱེད་བཞིན་ཡོད་དེ།རང་ཉིད་དང་བུ་ཚ་ཆེ་བ་མ་གཏོགས་པར།མག་པ་དང་ཚ་བོ་ཡང་འདྲ་མིན་སྣ་ཚོགས་ཀྱི་རྫ་ནག་བཟོ་བཞིན་ཡོད།ཞོགས་པའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་པའི་བར་ནི།བསོད་ནམས་ཚེ་རིང་ཁྱིམ་ཚང་གིས་རྫ་ནག་བཟོ་བའི་དུས་ཚོད་ཡིན།

དེ་སྔོན།འགྲིམ་འགྲུལ་མི་བདེ་བའི་རྐྱེན་གྱིས་ཉི་ཤར་ཐང་སྟོད་ཀྱི་རྫ་ནག་ཉོ་མཁན་ཧང་ཅང་ཉུང་།དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅོ་བའི་དུས་དཀྱིལ་དུ་སླེབས་དུས། གཞི་ནས་ཐང་སྟོད་དུ་རྫ་ནག་མངག་ཉོ་ཡོང་མཁན་ཡོད་པ་རེད།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤྲོ་གསེང་ལས་རིགས་དར་བ་དང་བསྟུན་ནས།ལག་པས་བཟོས་པའི་རྫ་ནག་དེ་རིམ་གྱིས་ཡུལ་སྐོར་འགྲུལ་པའི་ལག་ཐོག་གི་རྩ་ཆེའི་ལག་རྟགས་སུ་གྱུར་ཡོད།

ཐང་སྟོད་གྲོང་སྡེ་ནི་དེ་སྔོན་གྱི་དུད་ཚང་30ལྷག་ལས་མེད་པའི་གྲོང་སྡེ་ཆུང་བ་ནས་ད་ལྟ་དུད་ཚང་160ལྷག་དང་མི་གྲངས་སྟོང་ལྷག་ཡོད་པའི་གྲོང་སྡེ་ཆེན་མོར་གྱུར་ཡོད་དེ།མི་མང་ཞིང་ཐོན་ཁུངས་དབེན་པའི་རྐྱེན།དེ་སྔོན་གྱི་ཕྱུགས་འཚོ་བ་དང་ཞིང་ལས་གཉེར་བའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྲོལ་དེ་ཡིས་གྲོང་མིའི་དགོས་མཁོ་སྐོང་མི་ཐུབ་པས།དེའི་ཕྱིར།མེས་པོའི་ཤུལ་བཞག་སྟེ་རྫ་ནག་བཟོ་བའི་ལག་རྩལ་དེ།རིམ་གྱིས་ཁྱིམ་ཚང་མང་པོའི་དཔལ་འབྱོར་གྱི་ཡོང་ཁོངས་གཙོ་བོར་གྱུར་ཡོད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།