非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
༄༅།།འཇང་རིགས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:21:58   འབྱུང་ཁུངས།༇


འཇང་རིགས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་དེ་གཙོ་བོར་སན་པ་ཤང་འཇང་རིགས་མི་རིགས་ཤང་གི་པའེ་ཏི་གྲོང་སྡེར་དར་ཡོད།བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཁྲོམ་བསྒྲགས་དང་ཡིག་ཐོག་སྙན་ཞུས་ནས། 2006ལོར།《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་འབོར་ཐེངས་དང་པོའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོའི་སྐོར་གྱི་བརྡ་ཐོ》ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་འགྲེམ་སྤེལ་བྱས་པའི་(2006)ཡིག་ཆ་ཨང་75ཡི་ཐོག“སེམས་ཀྱི་ཉི་ཟླ་རྫོང་འཇང་རིགས་ཀྱི་སྟོན་པའི་ཤོག་བུ་བཟོ་བའི་ལག་རྩལ”ཞེས་པའི་ཁྲོམ་བསྒྲགས་བྱས་ཤིང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་སྐོར་གྱི་བརྡ་ཐོ》རྒྱལ་ཁབ་ཀྱིས་འགྲེམ་སྤེལ་བྱས་པའི(2006)ཡིག་ཆ་ཨང་18པའི་ཐོག“སེམས་ཀྱི་ཉི་ཟླ་རྫོང་འཇང་རིགས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ”ཞེས་པའི་ཁྲོམ་བསྒྲགས་བྱས་པ་རེད།

འཇང་རིགས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་དེ་གཙོ་བོ་ནི་སྟོན་པས་སྟོན་པའི་རིག་གནས་སྒྱུ་རྩལ་གྱི་ནང་དོན་འབྲི་བར་སྤྱོད་ཡོད་པས།དེའི་ཕྱིར་སྟོན་པའི་ཤོག་བུ་ཞེས་འབོད་པ་རེད།ཆེད་ལས་མཁས་པས་རིགས་པས་དཔྱད་ནས།ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་སྟོན་པའི་ཡི་གེ་བྱུང་བ་དང་ལྷན་དུ་སྟོན་པའི་ཤོག་བུ་བཟོ་བའི་ལག་རྩལ་ཡང་བྱུང་བ་སྙམ་པ་རེད།

འཇང་རིགས་ཀྱི་སྟོན་པའི་ཤོག་བུ་བཟོ་བའི་ལག་རྩལ་དང་སྟོན་པའི་ཤོག་བུ་ལ་རིན་ཐང་ཆེན་པོ་ཡོད་དེ།སྟོན་པའི་ཤོག་བུ་ནི་འཇང་རིགས་ཀྱི་སྟོན་པའི་རིག་གནས་ཀྱི་རྟེན་བྱེད་ཡིན་ཞིང་།དེས་འཇང་རིགས་ཀྱི་སྟོན་པའི་རིག་གནས་ཟིན་ཐོ་བཀོད་པ་དང་རྒྱུན་འཛིན་བྱས་པ་རེད།(ཆོས་ལྡན་གྱིས་བསྒྱུར།)

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།