非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
༄༅།།ལི་སུའུ་རིགས་ཀྱི་ཞབས་བྲོ“ཨ་ཁྲི་མུའུ་ཀྭ”
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:26:56   འབྱུང་ཁུངས།༇ཆོས་ལྡན་གྱིས་བསྒྱུར།

ལི་སུའུ་རིགས་ཀྱི་ཞབས་བྲོ“ཨ་ཁྲི་མུའུ་ཀྭ”ཞེས་པའི་ཞབས་བྲོ་དེ་རྫ་ཆུའི་རྒྱུད་དུ་དར་ཁྱབ་ཡོད་ལ།འབའ་ལུང་རྫོང་གི་ཡེ་ཀྲི་གྲོང་རྡལ་ནི་དེའི་དར་ཡུལ་གཙོ་བོ་རེད།བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཁྲོམ་བསྒྲགས་དང་ཡིག་ཐོག་སྙན་ཞུས་ནས།2006ལོར།《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་འབོར་ཐེངས་དང་པོའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོའི་སྐོར་གྱི་བརྡ་ཐོ》 ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་འགྲེམས་པའི {2006 } ཡིག་ཆ་ཨང་75པའི་ཐོག་ལ།“འབའ་ལུང་རྫོང་ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ”དང་“འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ་གླུ་གར་གྱི་ཡུལ་ཁམས”ཞེས་པ་ཁྲོམ་བསྒྲགས་བྱས།《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་སྐོར་གྱི་བརྡ་ཐོ 》 རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་པའི་ { 2006}ཡིག་ཆ་ཨང་18ཡི་ཐོག་ལ།“ཡུན་ནན་ཞིང་ཆེན་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་ཨ་ཁྲི་མུའུ་ཀྭ་དམངས་ཁྲོད་ཞབས་བྲོ”ཞེས་པའི་ཁྲོམ་བསྒྲགས་བྱས།

“ཨ་ཁྲི་མུའུ་ཀྭ”ཡི་ལི་སུའུ་རིགས་ཀྱི་སྐད་ཆའི་གོ་དོན་ནི།“ཨ་ཁྲི”ནི་ར་དང་།“མུའུ་ཀྭ”ནི་གླུའམ་གདངས་ཡིན་པ་སྟེ། རའི་གླུ་གར་ཞེས་སུ་བསྒྱུར་ཆོག དེའི་འབྱུང་ཁུངས་ནི་འཚོལ་དཀའ་ཡང་།དེའི་གཞི་རྩའི་ཁྱད་ཆོས་ལ་གཞིགས་ན།ལི་སུའུ་རིགས་ཀྱི་ཤིང་ཏོག་འཚོལ་བསྡུ་དང་རི་དྭགས་རྔོན་པའི་དུས་རབས་སུ་ཕུགས་འདེད་བྱེད་ཆོག་པ་རེད།“ཨ་ཁྲི་མུའུ་ཀྭ”ཡི་གཞི་རྩའི་ཁྱད་ཆོས་ནི་རོལ་ཆས་མི་སྤྱོད་པ་དེ་ཡིན་ཞིང་།ཞབས་བྲོ་དེ་འཁྲབ་དུས་ཐོག་མཐའ་བར་གསུམ་དུ་འཁྲབ་ཞོར་ལེན་ཞོར་བྱེད་པ་དང་།གླུ་སྣེ་འཁྲིད་པ་དང་གླུ་ལེན་རོགས་བྱེད་པ་ཟུང་འབྲེལ་བྱེད་པ།གླུ་གདངས་རེ་འགོ་ཚུགས་དུས་ཚིག་མེད་པའི་གླུ་གདངས་ཀྱིས་འགོ་ཚུགས་དགོས་ཤིང་དེའི་སྒྲ་གདངས་ནི་འདར་ཞིང་སྙན་འཇེབས་ཡིན་ཏེ།རི་ཐང་དུ་ར་ཡིས་སྐད་རིང་རྒྱག་པ་དང་གཉིས་སུ་མེད།གནའ་སྔ་མོའི་གཏམ་རྒྱུད་ནས་ད་ལྟའི་འཚོ་བའི་གནས་ཚུལ་ཀུན་གླུ་ཚིག་གི་ནང་དོན་བྱེད་ཆོག་སྟེ།གཉེན་སྟོན་དང་དུས་ཆེན་གཏོང་བ།སྐུ་མགྲོན་བསུ་བ།ལོ་ལེགས་ཀྱི་དགའ་སྟོན་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད།

ཨ་ཁྲི་མུའུ་ཀྭ་ཞེས་པའི་ཞབས་བྲོ་ནི་ལི་སུའུ་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་འཚོ་བའི་ཁྲོད་བརྩམས་པ་ཞིག་ཡིན་ཞིང་།རྒྱུན་འཛིན་ཆ་ཚང་ཡོད་དེ།ལི་སུའུ་རིགས་ཀྱི་དུས་ཐོག་མའི་ཐོན་སྐྱེད་འཚོ་བའི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་མཚོན་ཡོད།དེའི་རིན་ཐང་ནི་གླུ་གར་གྱི་ཚུལ་གྱིས་རང་མི་རིགས་ཀྱི་ལོ་རྒྱུས་རྒྱུན་འཛིན་དང་ཟིན་ཐོ་བཀོད་པ་དེ་རེད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།