非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
༄༅།།བདེ་ཆེན་བོད་རིགས་ཀྱི་སྐོར་བྲོ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:28:38   འབྱུང་ཁུངས།༇སོད་ནམས་ཀྱིས་བསྒྱུར།

བདེ་ཆེན་བོད་རིགས་ཀྱི་སྐོར་བྲོ་དེ་བོད་རིགས་འདུས་སྡོད་ས་ཁུལ་དུ་དར་ཁྱབ་ཡོད།དངོས་མིན་ཤུལ་བཞག་རིག་རྫས་ཀྱི་ཡིག་ཐོག་སྙན་ཞུ་བའི་ས་ཆ་གཙོ་བོ་ནི་སེམས་ཀྱི་ཉི་ཟླ་རྫོང་དང་འཇོལ་རྫོང་ཀོང་རྩེད་གྲོང་རྡལ་འདི་གཉིས་ཡིན།

སྐོར་བྲོའི་འབྱུང་ཁུངས་སྐོར་ལ།ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་དང་བོད་རིགས་མཁས་དབང་གིས་རིགས་པས་དཔྱད་པར་གཞིགས་ན།སྐོར་བྲོའི་འབྱུང་ཁུངས་དེ་སྤྱི་ལོའི་དུས་རབས་བདུན་པའི་སྔོན་དུ་ཕུགས་འདེད་ཆོག བོད་ཀྱི་བྲན་གཡོག་སྤྱི་ཚོགས་ཀྱི་མནའ་བཅའ་བའི་བྱེད་སྒོ་དང་འབྲེལ་བ་ཡོད་དེ།ཕལ་ཆེར་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་བོད་བཙན་པོའི་སྟོབས་ཤུགས་ལྷོ་རུ་དྲངས་དུས་བདེ་ཆེན་ས་ཆར་དར་འགོ་ཚུགས་པ་རེད།

སྐོར་བྲོ་ལ་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྲོལ།ངལ་རྩོལ་བྱེད་ཡུལ་སོགས་མི་འདྲ་བའི་དབང་གིས་འབྲོག་པའི་སྐོར་བྲོ་དང་རོང་པའི་སྐོར་བྲོ།དགོན་སྡེའི་སྐོར་བྲོ་བཅས་རིགས་ཁག་གསུམ་དབྱེ་ཡོད།དེ་དང་ཆབས་ཅིག་གནས་སྡོད་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྲོལ་མི་འདྲ་བའི་རྐྱེན་གྱིས།སྐོར་བྲོ་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་ལ།ནང་དོན་ཀྱང་ཕུན་སུམ་ཚོགས་པོ་ཡོད་དེ།གཙོ་བོ་ནི་སྐོར་བྲོའི་ཉམས་འགྱུར་དང་བྲོ་ཚིག་གི་ནང་དོན།གོས་རྒྱན་སོགས་ནས་མཚོན་ཡོད།ཡིན་ནའང་སྐོར་བྲོ་ལ་གཞི་རྐང་གི་གོ་རིམ་ཞིག་ཡོད་པ་སྟེ།འགོ་ཚུགས་དུས་འཛོམས་བྲོ་འཁྲབ་དགོས་པ་དང་།མཇུག་སྒྲིལ་དུས་གྲམ་བྲོ་འཁྲབ་དགོས།སྐོར་བྲོ་གཙོ་བོ་ནི་གཉེན་སྟོན་དང་དུས་ཆེན་གཏོང་བ།ཁང་གསར་བཞེངས་པ་སོགས་བཀྲ་ཤིས་པའི་ཡུལ་དུས་སུ་འཁྲབ་རྒྱུ་རེད།

སྐོར་བྲོ་ནི་སྙན་ངག་དང་གླུ་དབྱངས།བྲོ་གར་བཅས་གཞི་གཅིག་ཏུ་གྲུབ་པའི་གླུ་གར་ཞིག་ཡིན་ཞིང་།བྲོ་ཚིག་ལ་བསྡུར་བ་དང་།དཔེ་རྒྱན།རབ་བཏགས་སོགས་ཀྱི་རྒྱན་སྤྱོད་ཡོད་པ་དང་།ཚིག་ཚོགས་དོ་སྙོམས་ཤིང་།ཚིག་ཕྲེང་གསུམ་གྱིས་དུམ་བུ་གཅིག་ཏུ་གྲུབ་ཡོད་ལ།ནང་དོན་ཕུན་སུམ་ཚོགས་པོ་ཡོད།སྐོར་བྲོའི་སྟངས་སྟབས་དེ་གནའ་ཉམས་དོད་ཅིང་བག་ཆགས་པ།སྐོར་བྲོའི་ནང་དུ་སྲོག་ཆགས་ལ་ལད་ཟློས་བྱེད་པའི་འཁྲབ་སྟངས་ཡོད་དེ།དཔེར་ན།རྨ་བྱ་ཆུ་འཐུང་དང་རི་བོང་འཕག་མཆོང་སོགས་ཀྱི་འཁྲབ་སྟངས་ལ་གདོད་མའི་བྲོ་གར་གྱི་ཁྱད་ཆོས་ལྡན།སྐོར་བྲོས་སྲོལ་རྒྱུན་བྲོ་གར་གྱི་རྣམ་པའི་ཐོག་ནས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་།ཡུལ་སྲོལ་གོམས་གཤིས་དང་གུས་ལུགས་སོགས་སོར་ཉར་ཡོད།དེའི་ཐོག་ནས་མི་རིགས་ཤིག་གི་རྒྱུན་རིང་བའི་ལོ་རྒྱུས་དང་བློ་རིག་མཚོན་ཐུབ་པ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།