非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
《ཡུན་ནན་ཞིང་ཆེན་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་སྲོལ་ཡིག》དངོས་སུ་བཏོན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:41:46   འབྱུང་ཁུངས།༇སྒྲོལ་མ་ལྷ་མཚོས་བསྒྱུར།

2013ལོའི་ཟླ3པའི་ཚེས28ཉིན། ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས《ཡུན་ནན་ཞིང་ཆེན་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་ཁས་བླངས་ཤིང་། ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་པ།
ཡུན་ནན་ནི་རང་རྒྱལ་གྱི་ཁྲིམས་འཛུགས་ནས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱེད་པའི་ཞིང་ཆེན་ཨང་དང་པོ་ཡིན་པས། 2000ལོའི་ཟླ5པར《ཡུན་ནན་ཞིང་ཆེན་མི་རིགས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོང་སྲོལ་ཡིག》བཏོན་པ། དེས་རྒྱལ་ཡོངས་ཞིང་ཆེན་དང་ཆུས་སོ་སོས་རིགས་འདྲའི་བཅའ་ཁྲིམས་འཛུགས་པར་མིག་དཔེ་བསྟན་པ་མ་ཟད། ད་དུང་རང་ཞིང་ཆེན་གྱིས་མི་རིགས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་རིག་གནས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་པ་སོགས་ལ་དགེ་མཚན་ཧ་ཅང་ཆེན་པོ་ལྡན་པ་རེད།
ཐེངས་འདིར་གྲོས་ཞིབ་བྱས་ནས་ཁས་བླངས་པའི《ཡུན་ནན་ཞིང་ཆེན་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་སྲོལ་ཡིག》ལ་ལེའུ་བདུན་དང་དོན་ཚན46ཡོད་དེ། དུས་སྐབས་གསར་པའི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱེད་དུས་མུ་མཐུད་དུ་བྱུང་བའི་གནས་ཚུལ་གསར་པར་དམིགས་པ་དང་། ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་པ། སྲུང་སྐྱོང་ལས་ཀའི་དངོས་ཡོད་ལ་གཞིགས་ནས། དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་མིང་དང་། སྲུང་སྐྱོང་གི་ནང་དོན། བྱ་ཐབས་དང་རྩ་དོན། འགན་སྲུང་བྱ་ཐབས། ལས་ཀའི་ཚད་གཞི། ཁྲིམས་ལུགས་ཀྱི་ལས་འགན་སོགས་ལ་གོམ་གང་མདུན་སྤོས་ཀྱིས་གཏན་འབེབས་བྱས་ཡོད། 《སྲོལ་ཡིག》དེས་ཁྱད་ཆོས་སྟོན་པ་དང་གསར་གཏོད་བྱས་པ། སྲིད་གཞུང་གི་སྲུང་སྐྱོང་ལས་འགན་དྲག་ཏུ་གཏོང་བ་དང་། སྲུང་སྐྱོང་གི་ཆེད་གཉེར་དངུལ་རྩ་འཛུགས་པ། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་འགྲོ་སོང་འགན་སྲུང་བྱེད་པ། སྒྲིག་གཞི་དང་དྲག་དཔུང་གི་འཛུགས་སྐྲུན་ཤུགས་ཆེར་གཏོང་བ། ས་ཁུལ་ཅན་གྱི་སྤྱི་ཡོངས་སྲུང་སྐྱོང་བྱེད་པ། ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་ཀྱིས་མི་རིགས་སྲོལ་རྒྱུན་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ། སྲུང་སྐྱོང་གི་ལས་འགན་སྒྲུབ་མི་ཐུབ་པའི་སྲུང་སྐྱོང་རྣམ་གྲངས་ཀྱི་འགན་འཁྲིའི་ལས་ཁུངས་ཡང་བསྐྱར་གཏན་འཁེལ་བྱེད་པ། “དངོས་མིན་ཤུལ་བཞག་རིག་རྫས”སློབ་གྲྭར་ཞུགས་པ། རྒྱལ་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས“དངོས་མིན་ཤུལ་བཞག་རིག་རྫས”ལ་བརྟག་དཔྱད་བྱེད་པ་སོགས་ལ་མངོན་གསལ་གྱིས་གཏན་འབེབས་བྱས་པ་རེད། 《སྲོལ་ཡིག》དེར་ཕྱོགས་ཡོངས་དང་། དམིགས་གསལ། ལག་བསྟར་བྱེད་འཐུས་པ་སོགས་ཀྱི་རང་བཞིན་ལྡན་པ་རེད། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་དང་གོང་འཕེལ། མི་རིགས་རིག་གནས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་མོ་དང་དར་རྒྱས་ཆེན་མོ་ལ་དགེ་མཚན་ཧ་ཅང་ཆེན་པོ་ཡོད་པ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།