非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་བཅའ་ཁྲིམས་དངོས་སུ་བཏོན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:42:51   འབྱུང་ཁུངས།༇སྒྲོལ་མ་ལྷ་མཚོས་བསྒྱུར།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པས་ཚེས25ཉིན་བརྡས་ཐག་གཅོད་ནས། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་བཅའ་ཁྲིམས་དེ་དངོས་སུ་བཏོན་པ། དེང་ཕྱིན། ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱེད་པའི་ལས་ཀ་ལ་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་འཁུར་བྱེད་པའི་གྲོས་གཞི་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རྩ་འཛུགས་ཀྱི“མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ”རུ་འཇོག་པའི་རྣམ་གྲངས་ཅུང་མང་བའི་རྒྱལ་ཁབ་ཅིག་ཡིན་པས། ད་དུང་མུ་མཐུད་དུ“དངོས་མིན་ཤུལ་བཞག་རིག་རྫས”ལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད། 2004ལོར་ཀྲུང་གོ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་བྱེད་པའི་སྤྱི་གན》དུ་ཞུགས་པ། ཐེངས་འདིར་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་བཅའ་ཁྲིམས་དེ་དངོས་སུ་བཏོན་པས་ཀྲུང་གོའི་“དངོས་མིན་ཤུལ་བཞག་རིག་རྫས”སྲུང་སྐྱོང་བྱེད་པ་ལ་ཁྲིམས་ལུགས་ཀྱི་ཁོངས་སུ་འཇོག་པར་མཚོན་པ།
དངོས་མིན་ཤུལ་བཞག་རིག་རྫས་བཅའ་ཁྲིམས་ཀྱིས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་ཁྱབ་ཁོངས་གཏན་འབེབས་བྱས་པ། བཅའ་ཁྲིམས་དེས་གཏན་འབེབས་བྱས་དོན། རྒྱལ་ཁབ་ཀྱིས་དངོས་མིན་ཤུལ་བཞག་རིག་རྫས་ལ་གཏན་འཁེལ་བྱེད་པ་དང་། ཟིན་ཐོ་འགོད་པ། ཡིག་ཚགས་འཛུགས་པ་སོགས་བྱ་ཐབས་སྤྱད་ནས་སྲུང་སྐྱོང་བྱེད་པ། ཀྲུང་ཧྭ་མི་དམངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྟོན་པ་དང་། ལོ་རྒྱུས་དང་། རྩོམ་རིག སྒྱུ་རྩལ། ཚན་རིག་གི་རིན་ཐང་ལྡན་པའི་དངོས་མིན་ཤུལ་བཞག་རིག་རྫས་ལ་རྒྱུན་འཛིན་དང་ཁྱབ་སྤེལ་གྱི་བྱ་ཐབས་སྤྱད་ནས་སྲུང་སྐྱོང་བྱ་རྒྱུ་རེད།
དུས་མཚུངས་སུ་བཅའ་ཁྲིམས་དེས་གཏན་འཁེལ་བྱས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མཚོན་བྱེད་རང་བཞིན་གྱི་མིང་ཐོ་འཛུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ས་གནས་ཀྱི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མིང་ཐོ་འཛུགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་མཚོན་པ་དང་། ལོ་རྒྱུས་དང་། རྩོམ་རིག སྒྱུ་རྩལ། ཚན་རིག་སོགས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་དངོས་མིན་ཤུལ་བཞག་རིག་རྫས་རྣམ་གྲངས་ལ་མིང་ཐོ་རུ་འཇོག་ནས་སྲུང་སྐྱོང་བྱེད་དགོས།
ཁྲིམས་དེས་ད་དུང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་དང་རྒྱུན་འཁྱོངས་ལས་ཀ་དེ་རིམ་པ་དེའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་རུ་འགོད་དགོས་པ་དང་། ད་དུང་སྲུང་སྐྱོང་དང་རྒྱུན་འཁྱོངས་བྱེད་པའི་འགྲོ་སོང་ལ་རིམ་པ་དེའི་ནོར་སྲིད་སྔོན་རྩིས་སུ་འཇོག་དགོས། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དང་། ས་མཐའ་ལུང་ཀྱོག དབུལ་ཕོངས་ས་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་དང་རྒྱུན་འཁྱོངས་ལས་ཀ་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།