非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
དངོས་མིན་ཤུལ་བཞག་རིག་རྫས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱེད་དུས་ཀུན་གྱིས་དོ་སྣང་བྱེད་ཡུལ་ལྔ་འབུར་དུ་ཐོན་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:43:50   འབྱུང་ཁུངས།༇སྒྲོལ་མ་ལྷ་མཚོས་བསྒྱུར།

2010ལོའི་ཟླ12པའི21ཉིན་གྱི་སྔ་དྲོར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་དངོས་མིན་ཤུལ་བཞག་རིག་རྫས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ།
ཐེངས་འདིའི་གྲོས་ཞིབ་ཀྱི་ཁྲོད་དུ་ཀུན་གྱིས་དོ་སྣང་བྱེད་ཡུལ་ལྔ་འབུར་དུ་ཐོན་ཡོད་པ་སྟེ།
དང་པོ། “ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས”གཏན་འཁེལ་བྱེད་པ། རྒྱལ་ཡོངས་དམངས་ཆེན་གྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བཏོན་དོན། འཆར་ཟིན་གྱིས་གཏན་འབེབས་བྱེད་པའི་སྲུང་སྐྱོང་བྱེད་དགོས་པའི་དངོས་མིན་ཤུལ་བཞག་རིག་རྫས་དེ་གོམ་གང་མདུན་སྤོས་ཀྱིས“ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སུ་གཏོགས་པ”གཏན་འཁེལ་བྱེད་དགོས།
གཉིས་པ། མི་རིགས་དང་། ས་མཐའ། དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་བྱེད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འགས་བཏོན་དོན། མི་རིགས་དང་། ས་མཐའ། དབུལ་ཕོངས་ས་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་ལས་ཀའི་འགྲོ་སོང་མི་འདང་བས། རྒྱལ་ཁབ་ཀྱིས་བྱ་ཐབས་སྤྱད་དེ་རོགས་སྐྱོར་བྱེད་དགོས།
གསུམ་པ། “སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སྲུང་སྐྱོང་” ལ་སྐུལ་འདེགས་བྱེད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བཏོན་དོན། སྤྱི་ཚོགས་ཡོངས་ཀྱི་དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་བཏང་ན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀ་ཡག་པོ་སྒྲུབ་ཐུབ་པས། སྤྱིའི་རྩ་དོན་དུ་འབྲི་དགོས།
བཞི་བ། རྒྱལ་ཁབ་ཕྱིའི་རྩ་འཛུགས་ཀྱིས“དངོས་མིན་ཤུལ་བཞག”བརྟག་དཔྱད་བྱེད་དེ་གཅིག་བྱས་ན་བཀག་འགོག་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འགའ་དང་ས་གནས་འགའ་ཡིས་བཏོན་དོན། འཆར་ཟིན་དུ་རྒྱལ་ཁབ་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ཁེར་རྐྱང་དུ་དངོས་མིན་ཤུལ་བཞག་རིག་རྫས་ལ་བརྟག་དཔྱད་བྱེད་ཆོག་གམ་མི་ཆོག་པའི་གཏན་འབེབས་བྱས་མེད། མིག་སྔར་རྒྱལ་ཁབ་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་རང་རྒྱལ་དུ་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་བརྟག་དཔྱད་ལས་ཀ་སྤེལ་བ་མང་པོ་ཡོད་པས། བཅའ་ཁྲིམས་ཀྱི་སྒྲིག་ལམ་ཐོག་ནས་ཚད་དང་མཐུན་པར་གཏན་འཁེལ་བྱེད་དགོས།
ལྔ་བ། རྒྱུན་འཛིན་གྱི་ལས་འགན་སྒྲུབ་མེད་པའི་རྒྱུན་འཛིན་མི་སྣའི་ཐོབ་ཐང་མེད་པར་བཟོ་དགོས། རྒྱུན་ཨུ་ལྷན་ཁང་གི་ཁོངས་མི་ཁ་ཤས་ཀྱིས་བཏོན་དོན། རྒྱུན་འཛིན་མི་སྣས་རྒྱུན་འཛིན་ལས་འགན་ཡག་པོ་སྒྲུབ་པར་ལྟ་སྐུལ་བྱེད་ཆེད། རྒྱུན་འཛིན་ལས་འགན་སྒྲུབ་མེད་པའི་རྒྱུན་འཛིན་མི་སྣ་ལ་ཐོབ་ཐང་མེད་པར་བཟོ་བའི་གཏན་འབེབས་བྱེད་ན་ཅུང་ལེགས་པ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།