非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ལ་ཕྱིར་འཐེན་པའི་སྒྲིག་ལམ་འཛུགས་ནས། འོས་བབ་མེད་པའི་རྣམ་གྲངས་མིང་ཐོ་ནང་ནས་ཕུད་རྒྱུ་ཡིན།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:03:13   འབྱུང་ཁུངས།༇སྒྲོལ་མ་ལྷ་མཚོས་བསྒྱུར།

ཉེ་ཆར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་བཅའ་ཁྲིམས》དངོས་སུ་བཏོན་པ། རིག་གནས་པུའུ་ཡིས་བསྟན་དོན། 2011ལོ་ནས་བཟུང་། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་ལོ་ལྟར་རྒྱུན་འཛིན་མི་སྣ་ལ་སྤྲད་པའི་རོགས་དངུལ་སྒོར8000ནས་སྒོར་ཁྲི1ལ་འཕར་བ། ཁོ་ཚོར་རྒྱུན་འཛིན་ལས་ཀ་ཡག་པོ་སྒྲུབ་པར་སྐུལ་འདེགས་དང་རོགས་སྐྱོར་བྱེད་དགོས།
རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཝུན་ཀྲང་གིས་བསྟན་དོན། མིག་སྔར་ད་དུང་སྙན་ཞུ་ཕུལ་བ་ལས་སྲུང་སྐྱོང་ཡག་པོ་བྱེད་མེད་པའི་གནས་ཚུལ་ཡོད་ལ། ས་གནས་འགའ་དང་ལས་ཁུངས་འགའ་ཡིས་མིང་ཐོ་རུ་འཇོག་པའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལ་མཐོང་ཆེན་བྱེད་པ་མ་གཏོགས་སྲུང་སྐྱོང་གི་བྱ་ཐབས་དོན་དུ་འཁྱོལ་མེད། འགའ་རེས་དངོས་མིན་ཤུལ་བཞག་རིག་རྫས་དེ་དཔལ་འབྱོར་ཐོན་ཁོངས་སུ་རྩིས་ནས་ཐོན་སྐྱེད་བེད་སྤྱོད་བྱེད་དེ་ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྟེན་ནས་རྒྱུན་འཛིན་བྱེད་པར་སྣང་ཆུང་བྱེད། རིག་གནས་པུའུ་ཡིས་བྱ་ཐབས་སྤྱད་ནས་ས་གནས་དེ་དག་ལ་ལས་ཀའི་གཙོ་གནད་སྙན་ཞུ་འབུལ་ནས་སྲུང་སྐྱོང་ཐོག་སྤོ་བར་ཁྲིད་སྟོན་བྱེད་བཞིན་ཡོད། མ་འོངས་པའི་རྒྱལ་ཁབ་རིམ་པའི་མིང་ཐོ་རྣམ་གྲངས་ཀྱི་ཞིབ་དཔྱད་བྱེད་དུས། སྔར་ལས་ལྷག་པར་འགག་སྒོ་ནན་པོ་སྲུང་ནས་སྙམ་ཞུ་འབུལ་བའི་དྲོད་ཚད་དམའ་རུ་གཏོང་བ་དང་སྲུང་སྐྱོང་གི་ལས་ཀ་དངོས་སུ་སྒྲུབ་རྒྱུ་ཡིན།
རིག་གནས་པུའུ་ཡིས་ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་བྱེད་པའི་ལས་ཀའི་ལག་བསྟར་ཉམས་མྱོང་ཕྱོགས་བསྡོམས་བྱེད་དེ། ད་དུང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་བྱེད་པའི་སྤྱི་གན་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོ་ལས་ཕྱིར་འཐེན་པའི་སྒྲིག་ལམ་འཛུགས་པ་དང་། དུས་བཀག་པས་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་རིམ་པའི་མིང་ཐོ་རུ་ཡོད་པའི་རྣམ་གྲངས་ཀྱི་སྲུང་སྐྱོང་བྱེད་ཚུལ་ལ་དཔྱད་བསྡུར་དང་། ལྟ་སྐུལ། ཞིབ་བཤེར་སོགས་བྱ་རྒྱུ། སྲུང་སྐྱོང་ཡག་པོ་བྱས་མེད་པ་དང་གཏོར་བཤིག་རང་བཞིན་གྱི་ཐོན་སྐྱེད་བྱེད་པའི་རྣམ་གྲངས་དང་ལས་ཁུངས་ལ་ཐ་ཚིག་སྒྲོག་པ་དང་། དངོས་གནས་རྒྱལ་ཁབ་རིམ་པའི་མིང་ཐོའི་ཚད་གཞི་དང་མི་མཐུན་པར་གྱུར་ཞིང་རྒྱལ་ཁབ་རིམ་པའི་མིང་ཐོ་རུ་འཇོག་པའི་འོས་བབ་མེད་པའི་རྣམ་གྲངས་མིང་ཐོ་ནང་ནས་ཕུད་རྒྱུ་ཡིན་ལ། ད་དུང་འབྲེལ་ཡོད་ལས་འགན་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།