非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སློབ་གསོ་ལག་དེབ》འགྲེམ་སྤེལ་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:15:48   འབྱུང་ཁུངས།༇

2013ལོའི་ཟླ9བའི་ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སློབ་གསོ་ལག་དེབ》འགྲེམ་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མྰ་ཝུན་ལུང་བཞུགས་མོལ་ཚོགས་འདུ་སྟེང་ཞུགས་པ་མ་ཟད། “མཐུན་མོང་གཉིས”གཙོ་ཡིན་པའི་དུས་རབས་ཀྱི་བརྗོད་དོན་དམ་པོར་བཟུང་ནས། མི་རིགས་སོ་སོ་བར་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་བསྟོད་གླུ་ལེན་དགོས་པར་བསྟན། ཤེས་གསལ་བྱུང་བ་ལྟར་ན། 《ལག་དེབ》ལས་རང་རྒྱལ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཁུངས་གནས་དང་ད་ལྟའི་རྨང་གཞི་སོགས་གཏིང་ཟབ་མོའི་ངང་འགྲེལ་བཤད་བྱས་ཡོད་ལ། མ་ལག་དང་ཆ་ཚང་བའི་སྒོ་ནས་ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་མཚམས་སྦྱོར་བྱས་ཏེ། ཕྱོགས་ཡོངས་ནས་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་གཞག་ཐད་ནས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་བསྡོམས་བྱས་ཡོད་པ་དང་། ནན་ཏན་སྒོས་དེང་སྐབས་མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་གཞག་ཁྲོད་གནས་པའི་གནས་ཚུལ་དང་ལས་འགན་དབྱེ་ཞིབ་བྱས་ཡོད་པ་སོགས་དེང་སྐབས་མི་རིགས་ཆོས་ལུགས་བྱ་གཞག་ཁྲོད་གནས་པའི་གནད་དོན་གལ་ཆེན་དག་ལན་བཏབ་ཡོད་པ་རེད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།