非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
འཇང་རིགས་ཀྱི་སོ་མ་འཐག་པའི་ལག་རྩལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:35:09   འབྱུང་ཁུངས།༇བསོད་ནམས་ཀྱིས་བསྒྱུར།

སཱ་ཞེས་པ་ནི་འཇང་རིགས་ཀྱིས་སོ་མ་ལ་འབོད་པའི་དམངས་ཁྲོད་ཀྱི་མིང་ཞིག་ཡིན་ཞིང་།ཚི་སྣ་ཡོད་པའི་ལོ་ཏོག་གི་རིགས་འདིས་དུས་ཡུན་རིང་པོའི་ནང་དུ་མི་ཚོ་ལ་རྒྱུན་ཆད་མེད་པའི་འཚོ་གནས་ཀྱི་དགོས་མཁོ་མཁོ་སྤྲོད་བྱས་པ་རེད།ཚི་སྣ་ཡོད་པའི་ལོ་ཏོག་འདི་འདེབས་འཛུགས་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་དུ།འཇང་རིགས་ཀྱི་གདོད་མའི་མེས་པོ་ཚོས་སོ་མ་འཐག་པའི་ལག་རྩལ་རབ་དང་རིམ་པ་ཞིག་གསར་སྐྲུན་བྱས་ཡོད་དེ།འཇང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།

སྲོལ་རྒྱུན་གྱི་འཇང་རིགས་སྤྱི་ཚོགས་ཀྱི་ཁྲོད་དུ།མི་ཚོས་གཙོ་བོར་སོ་མའི་ཚི་སྣ་ཡོད་པའི་སྡོང་རྐང་གི་པགས་པ་བེད་སྤྱོད་བྱས་ནས་གོས་ཆས་ཀྱི་རྒྱུ་ཆ་བྱེད་པ་དང་།རབ་དང་རིམ་པའི་ལག་རྩལ་གྱི་བཟོ་རིམ་བརྒྱུད་ནས།འཐག་པའི་སོ་རས་ལ་ཕའེ་ཞེས་འབོད་པ་རེད།དེའི་ཐོག་ནས་ཡང་དྲས་རྒྱག་པ་དང་རྒྱན་སྤྲ་བ་སོགས་ཀྱི་བཟོ་རིམ་བརྒྱུད་ནས་མཐར་མི་རིགས་གཞན་དང་མི་འདྲ་བའི་གོས་རྒྱས་སུ་གྲུབ་པ་རེད།

གོས་རྒྱན་གྱི་རྒྱུ་ཆ་བྱེད་པ་ལས་གཞན།ཕའེ་ཞེས་པའི་སོ་རས་དེ་ད་དུང་འཇང་རིགས་ཀྱི་ཆོས་ལུགས་བྱེད་སྒོར་སྤྱོད་གོ་ཆེ་སྟེ།སྟོན་པའི་ལག་ཏུ་དར་ནས་མ་མཐའ་ཡང་ལོ་ངོ་བརྒྱ་ཕྲག་དུ་མ་ཟིན་ཡོད་ལ།རིང་ཚད་སྨི་15ཡས་མས་ཡོད་པའི་ཐང་ཀ་རིང་མོ“ལྷ་ལམ་མཚོན་རིས”སོགས་ནི་སོ་རས་ཀྱི་ཐོག་ཏུ་བྲིས་ཡོད།དེ་དག་ནི་སྟོན་པའི་ཆོས་ལུགས་ཆོ་ག་སྤེལ་བའི་སྐབས་སུ་མེད་དུ་མི་རུང་བའི་མཚོན་བྱེད་དངོས་པོ་ཞིག་ཡིན་ཞིང་།འཇང་རིགས་ཀྱི་མེས་པོའི་སྒྱུ་རྩལ་གྲུབ་འབྲས་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན།
སོ་མ་འཐག་པའི་ལག་རྩལ་དེ་འཇང་རིགས་ས་ཆ་གཞན་དག་གི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་དེང་སང་མཐོང་རྒྱུ་དཀོན་ཡང་།པའེ་ཏི་ས་ཆའི་དམངས་ཁྲིད་སྒྱུ་རྩལ་པ་འགས་ལག་རྩལ་དེ་རྒྱུས་མངའ་ཡོད་དེ།པའེ་ཏི་ནི་སོ་མ་འཐག་པའི་ལག་རྩལ་སྲུང་སྐྱོང་དང་རྒྱུན་འཛིན།བེད་སྤྱོད་བཅས་བྱེད་པའི་ས་ཆ་ཆེས་འོས་པ་ཞིག་རེད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།