非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
འཛམ་གླིང་གི་སྐྱེ་ཚུལ་གྲོང་སྡེ་ཨང་དང་པོ་མྱི་ཟུར།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:37:44   འབྱུང་ཁུངས།༇བློ་བཟང་ཕན་བདེས་བསྒྱུར།

སེམས་ཀྱི་ཉི་ཟླ་རྫོང་ལའོ་ཅི་ཤང་མྱི་ཟུར་གྲོང་སྡེ་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ཤར་ཕྱོགས་དང་ལའོ་ཅི་ཤང་གི་བྱང་ཕྱོགས་སུ་ཆགས་ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་446ཡོད་ལ།ཕུ་ལྷག་དང་གཉའ་གྲོང་།བར་གྲོང་བཅས་ཡུལ་མི་ཚོ་ཆུང་གསུམ་ཡོད། ཡུལ་མི་ཚོ་ཆུང་འདི་གསུམ་ནི་མྱི་ཟུར་ཆུ་བོའི་ངོགས་སུ་བཀྲམ་ནས་ཆགས་ཡོད།མྱི་ཟུར་ནི་མཐོ་གྲང་རི་ཁུལ་དུ་གཏོགས་ཤིང་། ནགས་ཚལ་སྔོ་ཁེབས་ཀྱི་སྲུང་འཛིན་ཤིན་ཏུ་བཟང་སྟབས། “གཙང་གསུམ་མཉམ་བཞུར”ས་ཁུལ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་ཡིག་ཐོག་སྙན་ཞུ་ལ་བརྟག་ཞིབ་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་ཀྱིས། མྱི་ཟུར་ནི་འཛམ་གླིང་སྐྱེ་ཚུལ་གྲོང་སྡེ་ཨང་དང་པོ་ཡིན་ཟེར་ནས་བསྔགས་བརྗོད་བྱས་པ་རེད།

མྱི་ཟུར་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། སྡོད་ཁང་ཚང་མ་ས་དང་ཤིང་ཆས་བསྐྲུན་པ་ཡིན། འཕྲེད་གཞུང་གཉིས་ལ་ཀ་མིག་གསུམ་ལས་བཞིའི་སྦོམ་ཞིང་ཆེ་བའི་ཤིང་ཀ་བཙུགས་ཡོད། ཐོག་བརྩེགས་ཉིས་ཐོག་གི་ཀ་གདུང་ནི་ཟུར་ཁ་ཡིས་བསྒྲགས་ཡོད། ཁང་པའི་གཡས་གཡོན་དང་རྒྱབ་ཕྱོགས་གསུམ་ནི་གྱང་རྒྱག་ཡོད། མདུན་ཕྱོགས་ནི་བར་ཁྱམས་ཡིན། བར་ཁྱམས་ཀྱི་མདུན་དུ་སྲུང་སྐྱོབ་བྱེད་སའི་ལན་ཀན་ཡོད། ཁང་པའི་མདུན་སྟོད་དུ་རི་མོ་སྣ་ཚོགས་བརྐོས་ཡོད། མེ་དང་། མཆོད་གཤོམ། ཐབ་ཚང་སོགས་ཡོད།ཉིས་ཐོག་ལ་ཡོད། བང་མཛོད་ནི་ཉིས་ཐོག་གི་བར་ཁྱམས་ཀྱི་གཡོན་ཕྱོགས་ཉི་མར་གཏོད་སར་བསྐྲུན་ཡོད་པའི་བོག་ཁང་ཡིན།
མྱི་ཟུར་གྱི་སྲོལ་རྒྱུན་ཁྱིམ་ཚང་ལག་རྩལ་ནང་ལས་འཁལ་འཐག་ལ་དམིགས་གསལ་ཀྱི་ཁྱད་ཆོས་ལྡན། མྱི་ཟུར་གྱི་མེས་པོ་གཙོ་བོ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དམག་མི་ཡིན། གནའ་སྔ་མོར།མྱི་ཟུར་བ་ནི་འབྲོག་པ་ཡིན་ཞིང་། ད་བར་དུ་ལོ་རྟག་པར་འབྲོག་ས་མང་པོ་སྤོ་དགོས། ཡུན་རིང་པོའི་འབྲོག་པའི་འཚོ་བ་སྐྱེལ་བའི་རྐྱེན་གྱིས་མྱི་ཟུར་བས་བལ་འཐག་ལས་རིགས་དང་ཁ་བྲལ་ཐབས་མེད་པར་གྱུར་ཡོད།ཁོ་ཚོས་གྱོ ན་པའི་བལ་འཐག་དང་རྩད་པའི་དཔུང་རྒྱན།སྤྱོད་པའི་རྩད་པ་ཕྱ་དང་། ཐག་པ།ཀོ་གདན་སོགས་ནི་རང་གིས་བཟོས་པ་ཤ་སྟག་རེད།བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ། མི་མང་པོ་འཛོམ་དུས་དང་དུས་ཆེན་གཏོང་བའི་སྐབས་སུ་མི་ཚང་མས་རང་གིས་བཟོས་པའི་གོས་རྒྱན་གྱོ ན་རྒྱུ་རེད། དེའི་ཕྱིར་འཁལ་འཐག་ལག་རྩལ་དེ་གཅིག་ནས་གཅིག་བརྒྱུད་ནས་མྱི་ཟུར་གྲོང་སྡེའི་ཁྱིམ་ཚང་ལག་ཤེས་བཟོ་ལས་སུ་གྱུར་ཡོད།
མྱི་ཟུར་གྲོང་སྡེའི་སྲོལ་རྒྱུན་དུས་ཆེན་ནི་ལུགས་རྙིང་ལོ་ཐོའི་ཟླ་གཉིས་པའི་ཚེས་བཅོ་ལྔའི་རྨོ་རྒྱག་དང་། ཟླ་བཞི་པའི་ཚེས་བཅོ་ལྔའི་ཆབ་མཆོད། ཟླ་བདུན་པའི་གཞི་སྐོར། ཟླ་དགུ་པའི་ཚེས་བཅོ་ལྔའི་རི་སྐྱབས་རྟ་སྐྱབས་སོགས་ཡོད་ལ།བདུན་པའི་གཞི་སྐོར་དེ་བོད་ལྗོངས་ཀྱི་འོང་སྐོར་དང་འདྲ་མཚུངས་རེད། མྱི་ཟུར་ཡུལ་མིས་བདུན་པའི་གཞི་སྐོར་གཏོང་བའི་ནང་དོན་གཉིས་ཡོད་དེ། གཅིག་ནི་སྟག་ལ་མཆོད་འབུལ་ཞུ་བ། བདུན་པ་གཞི་སྐོར་དེ་ལ་བདུན་པའི་སྟག་མཆོད་ཟླ་བ་ཡང་ཟེར་རྒྱུ་རེད། འདི་ནི་མྱི་ཟུར་བས་བོན་ལ་དད་པ་བྱེད་པ་དང་འབྲེལ་བ་ཡོད། བོན་གྱིས་གནམ་ས་ལ་མཆོད་འབུལ་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད། རི་དྭགས་རྒྱལ་པོ་སྟག་ལ་ལྷར་རྩིས་ནས་མཆོད་འབུལ་བྱས་ཏེ། ཡུལ་མི་ཚོ་ནད་མེད་ཚེ་རིང་དང་དུས་བདེ་ལོ་ལེགས་ཡོང་བའི་རེ་བ་དེ་བཅོལ་རྒྱུ་རེད། གཉིས་ནི་ཐོན་ལས་ལ་རྟེན་འབྲེལ་ཞུ་བ། དུས་ཆེན་འདིའི་ནང་དོན་གཙོ་བོ་ནི་སྨིན་རན་པའི་ལོ་ཏོག་ཡག་པོ་ཡོང་རོགས་ཞུ་བ་དང་། མ་འོངས་པའི་ལོར་ལོ་ཏོག་ད་ལོ་ལས་བཟང་རོགས་ཞུ་རྒྱུ་དེ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།