非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཡེ་ཀྲི་གྲོང་རྡལ་ཐུང་ལུའོ་གྲོང་སྡེའི་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:38:29   འབྱུང་ཁུངས།༇

    ཐུང་ལུའོ་གྲོང་སྡེ་ནི་རྫ་ཆུའི་ཤར་རྒྱུད་ཀྱི་རི་ཁུལ་དུ་གནས་ཡོད་ཅིང་།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་3100བར་ཡོད་ལ།དྲོ་ཁུལ་འབྲིང་བའི་འཕྲེད་ཐིག་གི་ཏུའུ་གྲངས་དམའ་བའི་དུས་རླུང་གནམ་གཤིས་ས་ཁུལ་ཞིག་ཡིན།གྲོང་སྡེའི་ཕྱོགས་བཞི་ལ་རི་བོས་བསྐོར་ཡོད་ཅིང་།ཞིན་ལུའོ་ཆུ་བོ་དེ་ཤར་ནས་ནུབ་དུ་བརྒྱུད་ནས་རྫ་ཆུར་འདུས་ཡོད།ནགས་ཚལ་གྱི་སྔོ་ཁེབས་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད་ལ།ནགས་ཚལ་གྱི་ཁེབས་ཚད་ནི་98%ཡན་ཟིན་ཡོད།

    ཐུང་ལུའོ་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་གོས་རྒྱན་ཏེ་སྨད་གཡོགས་དང་པང་ཁེབས།“ཧྭ་ལ་པིའོ”སོགས་ནི་རང་རང་གིས་འཚེམ་འཐག་བྱས་པ་ཤ་སྟག་ཡིན་ཞིང་།ལོ་རྒྱུས་རིང་པོ་ལྡན།དེ་བཟོ་དུས།སྔོན་མར་སོ་མ་འཐག་ནས་སྐུད་པར་བཟོས་རྗེས།འབྲས་ཁུ་ཚ་བའི་ནང་དུ་ཆུ་ཚོད་སྐར་མ་འགའ་ཙམ་སྦངས་ནས་སྐམ་རྗེས་ཐགས་སུ་འཐག་དགོས།ཁུར་ཐག་བཟོ་ཚུལ།དེ་སྔོན་འདྲ་མིན་སྣ་ཚོགས་ཀྱི་ཤིང་ཏོག་གི་ཁུ་བས་སོ་མའི་སྐུད་པར་ཚོན་མདོག་འདྲ་མིན་སྣ་ཚོགས་སུ་བྱུགས་ཏེ་ཚོན་མདོག་སྣ་ལྔའི་ཁུར་ཐག་ཏུ་འཐག་རྒྱུ་ཡིན་ཞིང་།ཁུར་ཐག་གི་རྒྱ་ཞེང་ནི་CM10ནས25བར་ཡོད།དེ་ནི“ཧྭ་ལ་པིའོ”བཟོ་བའི་རྒྱུ་ཆ་གཙོ་བོ་ཡིན།
    བུད་མེད་རྣམས་ཀྱིས་སྤྱིར་བཏང་དུ་“ཀོ་ཧིང་”(རས་སྔོན་པོས་འཚེམ་པའི་ཞྭ་མོ་ཟུར་རྣོ་པོ་གསུམ་ཅན་ཞིག)གྱོ ན་རྒྱུ་ཡིན་ཞིང་།དེའི་ཐོག་ལ“ཨེ་མ”( འགྲོན་བུའི་ཕྱི་སྐོགས་ཆུང་བ)ཡིས་རྒྱན་རིས་སུ་སྤྲས་པ་དང་།སྐེ་ལ་ཚོན་མདོག་སྣ་ལྔའི་ཕྲེང་བ་འདོགས་རྒྱུ་དང་རྣ་ཅོག་ལ་དངུལ་བཟོས་རྣ་ལོང་འདོགས་རྒྱུ་རེད།ལུས་སྟོད་ལ་སོ་ཐགས་དཀར་པོས་འཚེམ་པའི་ལྭ་རིང་གྱོ ན་རྒྱུ་དང་།དེའི་ཕྱི་ལ་ཚོན་ཁ་དམར་སྨུག་དང་ཚོན་ཁ་ནག་པོའི་སྟོད་འགག་གྱོ ན་རྒྱུ།ལུས་སྨད་ལ་སྨད་གཡོགས་གཉེར་མང་ཅན་གྱོ ན་རྒྱུ་ཡིན་ཞིང་།དེའི་ཕྱི་ལ་མེ་ཏོག་འཚེམ་ཡོད་པའི་པང་ཁེབས་གྱོ ན་རྒྱུ་དང་ཚོན་མདོག་སྣ་ལྔ་ལྡན་པའི་བལ་ཐགས་སྐེད་རགས་བཅིང་རྒྱུ་རེད།དཔུང་པར“ལ་པིའོ”ཁུར་རྒྱུ།བྱིན་ཉྭར་བྱིན་དཀྲི་དཀར་པོ་དཀྲི་རྒྱུ་རེད།གཉེན་སྒྲིག་ཚར་བའི་བུད་མེད་ཀྱིས་ཟངས་ཀྱི་རྣ་ལོང་ཆེན་པོ་འདོགས་སྲོལ་ཡོད་ལ།རིང་ཚད་དེ་དཔུང་པར་ཟིན་ཆོག་པ་རེད།
སྐྱེ་པས་མགོ་ལ་“ཁོ་ཕ་ལེ་ཧྥུང་”(བལ་ཐགས་ཕྱིང་ཞྭ)གྱོ ན་རྒྱུ་དང་།ཞྭ་འདབས་ལ་མཐའ་རྒྱན་སྐུད་པ་དམར་པོ་ཞིག་རྒྱག་རྒྱུ་རེད།གཉེན་སྒྲིག་ཚར་བའི་སྐྱེ་པའི་རྣ་ཅོག་གཡོན་པར་དངུལ་དང་ཟངས་ཀྱི་རྣ་ལོང་ཆེན་པོ་ཞིག་འདོགས་རྒྱུ་དང་།ལུས་སྟོད་གི་ནང་གོས་ནི་ཐུ་བ་ཆེ་བའི་སོ་ཐགས་དཀར་པོས་བཟོས་པའི་གཉེར་རིས་རིང་བའི་སྟོད་གོས་ཤིག་གྱོ ན་རྒྱུ་ཡིན་ཞིང་།ཕྱི་ལ་སྟོད་འགག་ནག་པོ་ཞིག་གྱོ ན་རྒྱུ།སྐེད་ལ་བལ་ཐགས་ཁུར་ཐག་ཅིག་འདོགས་རྒྱུ།དཔུང་པ་གཡོན་ལ་“ལ་པིའོ”ཁུར་བ་དང་གྲི་རིང་འདོགས་པ།གཡས་ལ་གཞུ་དང་མདའ་ཁོག་ཁུར་རྒྱུ་རེད།ལུས་སྨད་དོར་མ་ཁ་ཡངས་ཤིག་གྱོ ན་རྒྱུ་དང་དོར་སྒབ་དེ་པུས་མོར་སླེབས་ཐུབ།བལ་ཐགས་དང་སོ་ཐགས་ཀྱི་བྱིན་དཀྲི་དཀྲི་རྒྱུ་རེད།
 སྐྱེ་པ་ཡོད་ཚད་ཀྱིས་ཕྱི་ལ་ཐོན་དུས་ཤང་ལང་དང་འཕྲུལ་གཞུ་ཁུར་རྒྱུ་རེད།མདའ་ཁོག་ནི་རི་དྭགས་ཀྱི་པགས་པས་འཚེམ་པའི་ཁོག་མ་སྤྱོད་མང་བ་རེད།གཞོན་ནུ་མ་ཡིས་ཟངས་ཀྱི་རྣ་ལོང་ཆུང་བ་འདོགས་དགའ་ལ།ཕོ་མོ་ཀུན་གྱིས་ཟངས་དང་དངུལ་གྱི་ལག་གདུབ་འདོགས་སྲོལ་ཡོད།
    ཐུང་ལུའོ་ལི་སུའུ་རིགས་ཀྱི་སྡོད་ཁང་ནི་རི་བོར་བརྟེན་ནས་བཟོས་ཡོད་དེ།རྒྱང་རིང་ནས་བལྟ་དུས་རིམ་བཞིན་བརྩེགས་པའི་བ་གམ་གྱི་ཚོགས་དང་ཀུན་ནས་མཚུངས།སྡོད་ཁང་98%ནི་གདུང་བརྩེགས་ཁང་པ་ཡིན།སྡོད་ཁང་གི་བཀོད་པ་ནི།གཅིག་ནི་ཁང་མིག་གསུམ་མཉམ་དུ་མཐུད་པ།གཉིས་ནི་ཁང་མིག་གསུམ་མཉམ་དུ་བགྲིགས་པ།གསུམ་ནི་སྡོད་ཁང་ར་སྐོར་གྱི་རྣམ་པ་རྒྱག་པ་བཅས་རྣམ་པ་གསུམ་ཡོད།དེ་སྔོན་ཁང་པ་མང་ཤོས་ནི་ཐོག་རིམ་གཅིག་ཅན་ཡིན་ཞིང་།དེང་སང་ནི་ཐོག་བརྩེགས་གཉིས་ཅན་མང་།འོག་རིམ་ལ་ཕྱུགས་བཀག་ས་དང་སྟེང་རིམ་ལ་མི་སྡོད་ས་རེད།
ཐུང་ལུའོ་གྲོང་སྡེའི་ལི་སུའུ་རིགས་ཀྱི་གཏམ་རྒྱུད་དང་ལྷ་སྒྲུང་ནི་《བསྐལ་པ་ཡ་ཐོག་དང་མི་ལྷ》དང་《ཨ་ཀུང་མའི་གཏམ་རྒྱུད》《ཟླ་བའི་སྟེང་གི་བསེ་ཡབ་ལྗོན་པ》《ཆུ་འཚོལ་བའི་གཏམ་རྒྱུད》སོགས་ཁག་བཅུ་ལྷག་ཡོད།
    ལི་སུའུ་རིགས་ཀྱི་ཤུལ་བཞག་དམངས་ཁྲོད་གླུ་གཞས་ནི〈ཝུའུ་ས་ཀུའུ་མོ་ཀྭ〉དང་《ལི་སུའུ་རིགས་ཀྱི་གནམ་མཆོད་གནའ་གླུ》སོགས་ཡོད།ལི་སུའུ་རིགས་ཀྱི་ཚེག་བར་ཅན་གྱི་ཡི་གེའི་སྲོལ་གཏོད་མཁན་ཝ་རིན་པོས་ཚེག་བར་ཅན་གྱི་ཡི་གེ་དེ་བཀོལ་ནས་《ལི་སུའུ་རིགས་ཀྱི་གནམ་མཆོད་གནའ་གླུ》ཡི་ནང་དོན་ཧྲིལ་པོ་ཁྱོན་ལེའུ་24ཆ་ཚང་བཀོད་མྱངས་པ་རེད།དེའི་ནང་དོན་ནི་ལྷ་སྒྲུང་དང་མེས་པོ་ཚོས་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་གི་ཁྲོད་དུ་དཀའ་སྤྱད་འབད་བརྩོན་བྱས་པའི་གཏམ་རྒྱུད་སོགས་ཡོད།
 《མུའུ་ཀྭ》ནི་ལི་སུའུ་རིགས་ཀྱི་ལེན་ཞོར་འཁྲབ་ཞོར་ཅན་གྱི་གླུ་གཞས་ཤིག་ཡིན་ཞིང་།མི་ཚོས་སྡོད་དེ་ལེན་དགའ་བའི་གླུ་གཞས་ཤིག་ཀྱང་ཡིན་ཏེ།སྡོད་ནས་ལེན་པའི《མུའུ་ཀྭ》ཡི་ནང་དོན་དེ་བས་མང་ངོ།
 འཕྲུལ་གཞུ་ནི་ལི་སུའུ་རིགས་ཀྱི་ཁྱབ་རྒྱ་ཆེ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན།རྒྱུན་པར་ལོ་གསར་གཏོང་བའི་སྐབས་སུ་འཕྲུལ་གཞུའི་འགྲན་བསྡུར་བྱེད་སྒོ་འཚོག་རྒྱུ་རེད།འགྲན་བསྡུར་བྱེད་དུས།འགྲན་རའི་གཞོགས་གཅིག་ཏུ་སྣུམ་བཙོས་བག་ལེབ་ཅིག་བཞག་ནས་འབེན་དུ་བྱ་རྒྱུ་ཡིན་ཞིང་།མདའ་འཕེན་ནས་སྣུམ་བཙོས་བག་ལེབ་ལ་ཕོག་ན་སྣུམ་བཙོས་བག་ལེབ་དེ་མདའ་རྒྱག་མཁན་གྱིས་ལེན་ཆོག་ལ།གལ་ཏེ་འབེན་ལ་མ་ཕོག་ན།མདའ་དེ་འབེན་བཞག་མཁན་གྱིས་ལེན་ཆོག་པ་རེད།(བསོད་ནམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།