非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
རང་རོལ་རང་རྩེད་བྱེད་པའི་རང་བཞིན་ལྡན་པའི་མང་ཚོགས་ཀྱི་བྲོ་གར་ཏེ།འཚོ་བའི་ངང་ཚུལ་ཟབ་པོ་ལྡན་པའི་བོད་རིགས་ཀྱི་གཞས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:47:44   འབྱུང་ཁུངས།༇

འཇོལ་པའི་གཞས ( བསོད་ནམས་ནོར་བུས་པར་བླངས།)

བོད་ཀྱི་གཞས་ནི་མང་ཚོགས་ཀྱི་རང་རོལ་རང་རྩེད་བྱེད་པའི་ཞབས་བྲོ་ཞིག་ཡིན། གཞས་ཚིག་དང་གཞས་གདངས། ཞབས་བྲོ་བཅས་གསུམ་མཉམ་དུ་འདྲེས་པ་དང་།གར་སྟབས་ངོ་མཚར་ཆེ་ཞིང་།གཞས་གདངས་སྙན་ཞིང་འཇེབས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་།རོལ་ཆས་སྒྲ་སྙན་ལ་པི་དབྱངས་ཞེས་འབོད་ཀྱི་ཡོད།མང་ཚོགས་ཀྱིས་ཞབས་བྲོ་འདི་ལ་ཤིན་ཏུ་དགའ་པོ་བྱེད་ཀྱིན་ཡོད།

གཞས་ཀྱི་ཚིག་དང་གདངས་ཕུན་སུམ་ཚོགས་ཤིང་ཉམས་འགྱུར་ལྡན་ཞིང་། གཞས་ཚིག་གི་གྲུབ་ཆ་སྤྱིར་བཏང་དུ་ཚིག་གཉིས་ཡོད་ལ།ད་དུང་ཚིག་བཞི་དང་ཚིག་བདུན།ཚིག་བརྒྱད་སོགས་ཀྱང་ཡོད། གཞས་ཚིག་ནི། བོད་རིགས་མང་ཚོགས་ཀྱི་བསམ་བློའི་བརྩེ་དུང་དང་མཛེས་དཔྱད་སྤྲོ་སྣང་མཚོན་པའི་ནང་དོན་གྱིས་གཙོ་བོར་གྲུབ་ཡོད། མཚོན་བྱེད་རང་བཞིན་ལྡན་པའི་སྲོལ་རྒྱུན་གྱི་གཞས་ནི《རྨ་བྱ་ཆུ་འཐུང་》དང་《རི་བོང་འཆམ་པ》《ལུག་རྫི་བུ་མོ》སོགས་ཡོད།

གཞས་ལ་ཆེད་གཉེར་གྱི་འཁྲབ་ར་མི་དགོས། ཡུལ་དུས་གང་དུའང་ཕོ་མོས་སྐོར་བ་བསྐོར་ནས་འཁྲབ་ཆོག་པས། འདི་ལ་འཚོ་བའི་ངང་ཚུལ་ཟབ་པོ་ལྡན་པ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།