非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་ལྟེ་གནས་བཙུགས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:23:15   འབྱུང་ཁུངས།༇

ད་ལོར། རང་ཁུལ་གྱིས་ཁེར་རྐྱང་གི་སྒོ་ནས་ཁུལ་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་ལྟེ་གནས་བཙུགས་ཟིན་པ་དང་། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་ལས་ཀར་ཤུགས་བསྣན་པ་རེད།

“སྲུང་སྐྱོང་བྱེད་རྒྱུ་གཙོ་བོ་དང་། མྱུར་སྐྱོབ་དེ་ཨང་དང་པོར་འཇོག་པ། འོས་མཐུན་གྱིས་བེད་སྤྱོད་པ། རྒྱུན་འཛིན་དང་དར་སྤེལ་གཏོང་བའི”ལམ་ཕྱོགས་ཀྱི་སྣེ་སྟོན་འོག ལོ་མང་བོའི་འབད་བརྩོན་བརྒྱུད་མཐར། རང་ཁུལ་གྱིས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་མིང་ཐོ་མ་ལག་བཙུགས་པ་མ་ཟད། ཕྱོགས་ཡོངས་ནས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ལས་ཀར་སྐུལ་སྤེལ་བཏང་བ་རེད། མིག་སྔར། རང་ཁུལ་གྱི“བོད་རིགས་ཀྱི་སྐོར་བྲོ”དང་། “ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ་ཞབས་བྲོ།” འཇང་རིགས་ཀྱི“སྟོན་པའི་ཤོག་བུ་བཟོ་རྩལ” “གེ་སར་སྒྲུང་བཤད”སོགས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མིང་ཐོ་ནང་བཀོད་ཡོད། 2013ལོའི་ཟླ5བའི་ཚུན་དུ། ཁུལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་རྣམ་གྲངས6ཡོད་ཅིང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི6ཡོད། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་རྣམ་གྲངས16ཡོད་པ་དང་། ཞིང་ཆེན་རིམ་པའི་སྲུང་སྐྱོབ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི50ཡོད། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་རྣམ་གྲངས120ཡོད་པ་དང་། ཁུལ་རིམ་པའི་སྲུང་སྐྱོབ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མི115ཡོད།
  ཁུལ་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་ལྟེ་གནས་དེ་ད་ལྟ་ཁུལ་རིག་གནས་ཅུས་ཀྱི་ཁོངས་གཏོགས་ཁའོ་རིམ་པའི་བྱ་གཞག་ལས་ཁུངས་ཤིག་ཡིན། ཁུལ་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཅོན་གྱིས་བསྟན་དོན། ལྟེ་གནས་བཙུགས་རྗེས། སྔར་ལས་ལྷག་པར་བླངས་ཟིན་པའི་གྲུབ་འབྲས་སྲ་བརྟན་དང་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། རང་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་ལས་ཀར་སྐུལ་འདེད་གཏོང་རྒྱུ་ཡིན། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན་རྒྱུ་ཡིན། སྲུང་སྐྱོབ་ཐད་འཐུས་སྒོ་ཚང་བའི་ཁྲིམས་ལུགས་ཁྲིམས་སྲོལ་བཙུགས་ནས། ཁྲིམས་ལྟར་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ཡིན་ལ། “རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི”འཐབ་ཕྱོགས་དམིགས་འབེན་མངོན་འགྱུར་བྱུང་བར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་རྒྱུ་ཡིན་པར་བསྟན།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།