非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཉི་ཤར་གྱི་རྫ་ནག་ཧྲེན་ཀྲེན་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་སྟོན་ཚོགས་སུ་ཞུགས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:23:34   འབྱུང་ཁུངས།༇

2013ལོའི་ཟླ6པར། སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་རྫ་ནག་གསར་གཏོད་ཚད་ཡོད་འགན་ལེན་ཀུང་སིས་རང་ཁུལ་གྱི་རིག་གནས་ཁེ་ལས་ཀྱི་ཚབ་བྱས་ནས་སྐབས་དགུ་པའི་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་སྟོན་ཚོགས་དུ་ཞུགས་པ། སྟོན་ཚོགས་ཐོག བཀྲ་ཤིས་རྟགས་བརྒྱད་ཀྱི་མེ་ཏོག་བུམ་པ་དང་སྤོས་ཕོར། ཇ་ཆས་སོགས་རྫ་ནག་ལ་དགའ་བསུ་ཐོབ་པ། ཐོན་རྫས200ལྷག་ཚང་མ་བཙོངས་ཚར་བ།

ཐེངས་འདིའི་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི“ཚོང་དོན་གོང་འཕེལ་གྱིས་རིག་གནས་དར་ཁྱབ་ལ་སྐུལ་སྤེལ་གཏོང་བ”ཞེས་པ་དེ་ཡིན་ཞིང་། རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཚོང་དོན་གྱི་རང་བཞིན་འབུར་དུ་ཐོན་པ་རེད། ཐེངས་འདིར་བསྡོམས་ནས་སྲིད་གཞུང་ཚོགས་ཁག་དང་། ཁེ་ལས། ལས་ཁུངས་2118རིག་གནས་དངོས་མང་སྟོན་ཚོགས་སུ་ཞུགས་ཡོད་ལ། སྐབས་སྔ་མ་ལས190མང་བ། ཡུན་ནན་ཞིང་ཆེན་རིག་གནས་ཐོན་ལས་གཞུང་ལས་ཁང་གིས་ཏ་ལི་ཁུལ་རྡོ་ཀ་མ་རུ་རིག་གནས་སློབ་ཚོགས་དང་། ཐེང་ཁྲུང་ཝན་ཧྥུའུ་མུ་ཏིག་དང་ནོར་བུའི་ཚད་ཡོད་ཀུང་སི། སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་རྫ་ནག་གསར་གཏོད་ཚད་ཡོད་ཀུང་སི་སོགས་ཁེ་ལས22བསྡོམས་ནས་མི60ལྷག་སྒྲིག་འཛུགས་བྱས་ཏེ་ཡུན་ནན་ཞིང་ཆེན་རིག་གནས་ཁེ་ལས་ཀྱི་ཚབ་བྱས་ནས་སྟོན་ཚོགས་ལ་ཞུགས་སུ་བཅུག་པ་རེད།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།