非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
སེམས་ཀྱི་ཉི་ཟླའི་དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་བྱས་ནས་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:24:32   འབྱུང་ཁུངས།༇

ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་ལ་གོང་འཕེལ་བྱུང་བ་དང་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་བརྒྱུད་ནས། ཉི་ཤར་རྫ་ཁོག་ནི་རིམ་བཞིན་ཐོན་ལས་ཅན་དང་བརྒྱུད་རིམ་ཅན་དུ་གྱུར་བ། མིག་སྔར་ཉི་ཤར་རྫ་ཁོག་ལ་འཚོ་བའི་མཁོ་ཆས་དང་། མི་རིགས་བཟོ་རྩལ་གྱི་ཐོན་རྫས། ཆོས་ལུགས་ཀྱི་སྤྱོད་ཆས་སོགས་ལ་འབྲེལ་བ་ཡོད་པའི་སྣ་ཁ110ལྷག་ཡོད། ཉི་ཤར་ཤང་ཐང་སྟོད་གྲོང་གི་དུད་ཚང་མང་ཆེ་བས་རྫ་ཁོག་བཟོ་བཞིན་ཡོད་དེ། ཁྱིམ་སོ་སོས་ཡུལ་སྐོར་བའི་དགོས་མཁོ་སྐོང་བའི་ཆེད་དུ་ཐོན་རྫས་གསར་པ་ཐོན་སྐྱེད་བྱས་པ། ཁྱིམ་ཚང་རེས་རྫ་ཁོག་འཚོང་བའི་ཡོང་འབབ་སྒོར་ཁྲི2ལས་བརྒལ་ཞིང་། རྫ་ཁོག་ནི་ས་གནས་དེའི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཉི་ཤར་རྫ་ཁོག་དང་། འཇང་རིགས་སྟོན་པའི་ཤོག་བཟོའི་ལག་རྩལ། བོད་རིགས་ཀྱི་སྐོར་བྲོ་སོགས་སེམས་ཀྱི་ཉི་ཟླའི་ཁྱད་འཕགས་ཀྱི་མི་རིགས་རིག་གནས་ཀྱི་གསོན་ཤུགས་ཀྱི་འོད་ཟེར་དཔག་མེད་འཕྲོ་བཞིན་ཡོད།
དུས་རབས20པའི་ལོ་རབས50ནས་བཟུང་། སེམས་ཀྱི་ཉི་ཟླ་རྫོང་གིས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྔོག་འདོན་དང་། མྱུར་སྐྱོབ། ལེགས་སྒྲིག་ཞིབ་འཇུག་སོགས་ཀྱི་ལས་ཀ་ལག་བསྟར་བྱས་པ། ཕུལ་བྱུང་གི་མི་རིགས་རིག་གནས་མང་པོ་སྟེ་ཁྱད་པར་དུ་གླུ་དབྱངས་དང་བྲོ་གར་སོགས་ལ་ནུས་པ་ལྡན་པའི་ངང་སྲུང་སྐྱོང་དང་རྒྱུན་འཛིན་གོང་སྤེལ་ཐོབ་པ། 1988ལོ་ནས་1990ལོའི་བར། སེམས་ཀྱི་ཉི་ཟླ་རྫོང་རིག་གནས་ཅུས་ཀྱིས་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་མངའ་ཁོངས་སུ་མི་རིགས་དམངས་ཁྲོད་རིག་གནས་ཀྱི་རིགས་སོ་སོར་བགོས་ཏེ་ཞིབ་འཇུག་བརྟག་དཔྱད་དང་འཚོལ་བསྡུས་ལེགས་སྒྲིག་བྱས། 1997ལོ་ནས་བཟུང་ཡུན་ནན་ཞིང་ཆེན་གྱིས་ཐོག་མར་རྒྱལ་ཁབ་ཡོངས་སུ་དམངས་ཁྲོད་རི་མོའི་སྒྱུ་རྩལ་པ་ལ་བརྟག་དཔྱད་མིང་འགོད་བྱེད་འགོ་ཚུགས་པ། 1999ལོ་ནས་བཟུང་དམངས་ཁྲོད་གླུ་དབྱངས་དང་། བྲོ་གར། རི་མོའི་སྒྱུ་རྩལ་པའི་བརྟག་དཔྱད་མིང་འགོད་ཀྱི་ལས་ཀ་སྒྲུབ་འགོ་ཚུགས་པ། 1997ལོ་ནས2002ལོའི་བར། རྫོང་རིག་གནས་ཅུས་ཀྱིས་རྫོང་ཡོངས་སུ་དམངས་ཁྲོད་སྒྱུ་རྩལ་པར་ཡོངས་ཁྱབ་ཀྱི་ཞིབ་བཤེར་བྱས་པས། དེའི་ནང་སྒྱུ་རྩལ་པ་མི9ལ་ཞིང་ཆེན་རིམ་པའི་མིང་ཐོབ་པ་རེད།
དངོས་མིན་ཤུལ་ཞག་རིག་རྫས་ལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཆམ་མཐུན་དང་རྒྱུན་མཐུད་ངང་གོང་དུ་འཕེལ་བ་སོགས་ལ་དགེ་མཚན་ཆེན་པོ་ལྡན་པ། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་རྫོང་གིས་མི་རིགས་དམངས་ཁྲོད་རིག་གནས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱས་པ། རིམ་བཞིན་ཉི་ཤར་ཤང་ཐང་སྟོད་གྲོང་དང་། ལྔ་གཤོག་ཤང་ཚངས་རྒྱབ་གྲོང་། ལའོ་ཅི་ཤང་མྱི་ཟུང་གྲོང་། ཡོང་ཐང་གྲོང་རྡལ་ཇེ་ཧྲག་གྲོང་བཅས་བོད་རིགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ4འཛུགས་པ། མིག་སྔར་རྫོང་ཡོངས་སུ་རྫོང་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་རྣམ་གྲངས48ཡོད་ལ་རྒྱུན་འཛིན་མི་སྣ63ཡོད། རྣམ་གྲངས་སུ་ཉེན་ཁར་བཅར་བའི་སྐད་ཆ་དང་ཡི་གེ སྲོལ་རྒྱུན་རི་མོ་འབྲི་རྩལ། སྲོལ་རྒྱུན་གླུ་དབྱངས། སྲོལ་རྒྱུན་བཟོ་རྩལ། སྲོལ་རྒྱུན་འཛུགས་སྐྲུན། ཡུལ་སྲོལ་གོམས་གཤིས། སྲུང་སྐྱོང་ཁུལ། སྒྱུ་རྩལ་རང་བཞིན་གྱི་ཤང་བཅས་རིགས་དགུ་ཡོད་པ། དེའི་ནང་དུ་རྣམ་གྲངས4རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོ་རུ་འཇོག་ཡོད་ལ། རྒྱུན་འཛིན་མི་སྣ3ཡོད། རྣམ་གྲངས4ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོ་རུ་འཇོག་ཡོད་ལ། རྒྱུན་འཛིན་མི་སྣ15ཡོད། རྣམ་གྲངས35ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོ་རུ་འཇོག་ཡོད་ལ། རྒྱུན་འཛིན་མི་སྣ33ཡོད་པ་རེད།
ཡུན་ནན་ཞིང་ཆེན་གྱི“མི་རིགས་རིག་གནས་ཀྱི་སྟོབས་ལྡན་ཞིང་ཆེན”འཛུགས་པ་དང་། བདེ་ཆེན་ཁུལ་གྱི“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བ” སེམས་ཀྱི་ཉི་ཟླ་རྫོང་གི“རིག་གནས་ལ་བརྟེན་ནས་རྫོང་དར་སྤེལ་གཏོང་བ”སོགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རྒྱུན་འཛིན་དང་སྲུང་སྐྱོང་ལ་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་སོ་སོའི་དོ་འཁུར་ཐོབ་པ། སེམས་ཀྱི་ཉི་ཟླ་རྫོང་གིས“ལྔ་པའི་རྟ་རྒྱུག་དུས་ཆེན”དང་“དགའ་སྐྱིད་ལྡན་པའི་ཤམ་བྷ་ལ”སོགས་ཀྱི་རིག་གནས་བྱེད་སྒོ་ཆེན་མོ་སྤེལ་བས། བྱེད་སྒོ་སྣ་མང་ལ་གཞི་འཛིན་སར་བྱེད་དེ། རྫོང་ཡོངས་ཀྱི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ལ་རྒྱུན་འཛིན་དང་འདོན་སྤེལ་བྱས་ཤིང་ཕྱིར་སྟོན་པ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།