非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཡུན་ནན་བདེ་ཆེན་བོད་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:36:32   འབྱུང་ཁུངས།༇

འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཧྲིན་ཕིང་གྲོང་རྡལ་གྱི་བོད་རིགས་ལག་རྩལ་པ་བློ་བཟང་བཀྲ་ཤིས་ཀྱིས་ཟངས་ཀྱི་ཐོན་རྫས་བཟོ་བཞིན་པའི་གནས་ཚུལ་ཡིན། བོད་རིགས་སྲོལ་རྒྱུན་གྱི་ལྕགས་རིགས་ལུགས་བླུག་གི་བཟོ་རྩལ་ལ་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོ་རུ་འཇོག་ཡོད་པ་རེད།

འདི་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཤང་ཐང་སྟོད་གྲོང་གི་རྫ་བཟོའི་ལག་རྩལ་པ་བསོད་ནམས་ཚེ་རིང་གིས་ཁྱིམ་ནང་དུ་རྫ་མ་བཟོ་བཞིན་པའི་གནས་ཚུལ་ཡིན། “བོད་རིགས་ཀྱི་རྫ་ནག་པོའི་བཟོ་རྩལ”དེ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱིས་མིང་ཐོ་རུ་འཇོག་ཡོད་པ་རེད།

འདི་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་བོད་མི་འགས་སྐོར་བྲོ་འཁྲབ་བཞིན་པའི་གནས་ཚུལ་ཡིན། “བོད་རིགས་ཀྱི་སྐོར་བྲོ”ལ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོ་རུ་འཇོག་ཡོད་པ་རེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་བུ་དེ་ཡིན། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་ཏེ། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན(ཁུལ་)གསུམ་གྱི་འབྲེལ་མཚམས་སུ་ཆགས་པས། དེར་ཕུན་སུམ་ཚོགས་པའི་དངོས་མིན་ཤུལ་བཞག་རིག་རྫས་ཡོད།
  ལོ་མང་པོའི་རིང་ལ། བདེ་ཆེན་ཁུལ་གྱིས་ཧུར་ཐག་གིས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞིའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་མིང་ཐོའི་མ་ལག་འཛུགས་ཏེ། ཕྱོགས་ཡོངས་ནས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་ལས་ཀ་མདུན་དུ་སྤེལ་བ། མིག་སྔར། བདེ་ཆེན་ཁུལ་གྱི“བོད་རིགས་ཀྱི་སྐོར་བྲོ”དང་། “ལི་སུའུ་རིགས་ཀྱི་ཨ་ཁྲི་མོ་ཀྭ” “སྟོན་པའི་ཤོག་བུའི་བཟོ་རྩལ” “གེ་སར་སྒྲུང་བཤད་པ”སོགས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མིང་ཐོ་རུ་འཇོག་ཡོད། 2011ལོ་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལ་ཁྱོན་བསྡོམས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་རྣམ་གྲངས5ཡོད་པ་དང་། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་རྣམ་གྲངས19ཡོད་ལ་རྒྱུན་འཛིན་མི་སྣ50ཡོད། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་རྣམ་གྲངས119ཡོད་ལ་རྒྱུན་འཛིན་མི་སྣ117ཡོད་པ་རེད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།