非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རིམ་པ་བཞིའི་སྲུང་སྐྱོང་མིང་ཐོའི་མ་ལག་འཛུགས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:13:11   འབྱུང་ཁུངས།༇

ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་རིག་གནས་ཅུས་ཀྱིས་དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་བྱེད་པའི་ལས་ཀར་ཡག་པོ་བསྒྲུབས་པས། མིག་སྔར་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རིམ་པ་བཞིའི་སྲུང་སྐྱོང་མིང་ཐོའི་མ་ལག་འཛུགས་ཡོད། བདེ་ཆེན་ཁུལ་རིག་གནས་ཅུས་ཀྱིས་བདེ་ཆེན་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་རྣམས་རིགས་བཅུ་རུ་བགོས་ནས་མིང་འགོད་ཡོངས་བསྒྲགས་བྱས་ཤིང་། ད་དུང་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པ། རྫོང་རིམ་པ་སྟེ་རིམ་པ་བཞིའི་མིང་ཐོའི་མ་ལག་འཛུགས་ཡོད། 2008ལོའི་ལོ་མཇུག་བར། བདེ་ཆེན་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་ཁག7ལ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་མིང་ཐོ་རུ་འཇོག་སྟེ། རྒྱུན་འཛིན་མི་སྣ39ཡོད། ཁག219ལ་ཁུལ་རིམ་པའི་སྲུང་སྐྱོང་མིང་ཐོ་རུ་འཇོག་སྟེ། རྒྱུན་འཛིན་མི་སྣ81ཡོད་པ་རེད།

ཤེས་གསལ་བྱུང་དོན། བདེ་ཆེན་ཁུལ་གྱིས་ད་དུང་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་ཡིག་ཚགས་དང་གཞི་གྲངས་ཀྱི་མཛོད་འཛུགས་ཡོད་ལ། ཁུལ་རིག་གནས་ཅུས་ཀྱིས་ཆེད་གཉེར་མི་སྣས་དོ་དམ་བྱེད་པས། དངོས་མིན་ཤུལ་བཞག་རིག་རྫས་ལ་སྲུང་སྐྱོང་རྒྱུན་འཛིན་དང་ལུགས་མཐུན་ཐོན་སྐྱེད་བྱ་ཆེད་རྨང་གཞི་འདིང་བ་རེད། དུས་མཚུངས་སུ་གང་ལེགས་ཀྱིས་རྩ་ཆེ་བའི་ཡིག་ཚགས་དཔྱད་གཞི་དེ་དག་སྲུང་སྐྱོང་བྱ་ཆེད། བདེ་ཆེན་ཁུལ་གྱིས་ད་དུང་ཁབ་ལེན་འགོག་པའི་སྒམ་སོགས་སྔོན་ཐོན་སྒྲིག་ཆས་ཉོ་སྒྲུབ་བྱས་པས། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་ཡིག་ཚགས་ཚད་གཞི་ཅན་དང་ཚན་རིག་རང་བཞིན་ལྡན་པར་གྱུར་ཡོད། གཞན་ཡང་། བདེ་ཆེན་ཁུལ་གྱིས་ཧུར་ཐག་ངང་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་འོས་སྤྲོད་དང་སྙན་ཞུ་འབུལ་བ་རེད།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།