非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
“ཨ་མྱེ་རྨ་ཆེན་གངས་རིའི་གཏམ་རྒྱུད”སོགས་རྒྱལ་ཁབ་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་དེབ་ཏུ་བཀོད་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 11:21:10   འབྱུང་ཁུངས།༇

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོར་ཐེངས་གསུམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ཁྲོམ་བསྒྲགས་བྱས་པར།མགོ་ལོག་ཁུལ་གྱིས་སྙན་ཞུ་ཕུལ་བའི“ཨ་མྱེ་རྨ་ཆེན་གངས་རིའི་གཏམ་རྒྱུད་དང་པདྨའི་རྡོ་མཁར་བཟོ་སྐྲུན་ལག་རྩལ”འདེམས་ཐོན་ལེགས་འགྲུབ་བྱུང་། འདི་ནི་མཚོ་སྔོན་ཞིང་ཆེན་ནས་འདེམས་ཐོན་བྱུང་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་དེབ་ཏུ་བཀོད་པའི་ལས་ཁག་ཉག་གཅིག་ཡིན།ད་བར་དུ།མགོ་ལོག་ཁུལ་ནས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་སྟེང་བཀོད་པའི་ལས་ཁག4ཡོད་དེ།“མཚོ་སྔོན་རྟ་འཆམ”དང་“སྡེར་ནང་ས་བྲིས”“ པདྨའི་རྡོ་མཁར་བཟོ་སྐྲུན་ལག་རྩལ” “ཨ་མྱེ་རྨ་ཆེན་གངས་རིའི་གཏམ་རྒྱུད”བཅས་ཡིན།ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་དེབ་ཏུ་བཀོད་པའི་ལས་ཁག3ཡོད་དེ།“གཉན་པོ་གཡུ་རྩེའི་གཏམ་རྒྱུད”དང་“སེང་ལྕམ་འབྲུག་མོའི་གཏམ་རྒྱུད”“རྨ་ཡུལ་གེ་སར་གྱི་ལོ་རྒྱུས་སྙན་རྩོམ”བཅས་ཡིན།མགོ་ལོག་ཁུལ་སྲིད་གཞུང་གིས་ཁུལ་དང་རྫོང་རིག་གནས་སྲིད་འཛིན་སྡེ་ཁག་ལ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུད་འཛིན།དོ་དམ་བྱ་བའི་ཁྲོད་ཀྱིས“སྲུང་སྐྱོང་གཙོ་བོ་དང་མྱུར་སྐྱོབ་དང་པོ།འོས་འཚམ་བེད་སྤྱོད།རྒྱུད་འཛིན་འཕེལ་རྒྱས”ཀྱི་བྱ་བའི་བྱེད་ཕྱོགས་ལག་ལེན་མཐིལ་ཕྱིན་བྱས་ནས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཡིག་ཚགས་དང་སྙན་ཞུ་སོགས་ཀྱི་བྱ་བར་དངོས་ཤུགས་སྣོན་པ་དང་།ཁུལ་ཡོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་བར་རེ་འདུན་བཏོན།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།