非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
རང་རྒྱལ་དུ་ལོ་བཅུའི་རིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 11:27:08   འབྱུང་ཁུངས།༇ ཤིན་ཧྭ་གསར་འགྱུར་ཁང་།

སྤྱི་ཚེས་9ཉིན་རིག་གནས་པུའུ་རུ་འཚོགས་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ཁྱབ་སྤེལ་བྱས་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་བའི་གླེང་སྟེགས་ཐོག ཚོགས་ཞུགས་རིགས་གཅིག་མཁས་པ་དང་རིག་གནས་པས། ད་ལོའི་བར། རང་རྒྱལ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་ལས་གྲ་ལག་བསྟར་བྱས་ནས་ལོ་བཅུ་ཏག་ཏག་འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ཁྱབ་སྤེལ་བྱས་ནས་ད་བར་ལོ་བཅུ་ལྷག་གི་དུས་ཚོད་སོང་ཡོད། སྤྱི་ཆིངས་ནང་ཞུགས་སྔ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རང་རྒྱལ་དུ་ཉེ་བའི་ལོ་ཤས་རིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་སྤེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པའི་རྣམ་པ་བསྟན་འདུག

གྲངས་གཞི་ལས་མངོན་པར། ལོ་བཅུའི་རིང་། ཀྲུང་དབྱང་ནོར་སྲིད་ནས་རིམ་བརྩིས་བྱས་ན་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་འགྲོ་གྲོན་ཐད་མ་དངུལ་སྒོར་དུང་ཕྱུར་21བཏང་བ་དང་། སྤྱི་ལོ་2013ལོར་ཆེད་དོན་འགྲོ་གྲོན་མ་དངུལ་སྒོར་དུང་ཕྱུར་6དང་བྱེ་བ་6དང་ས་ཡ་2གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱལ་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་དང་པོ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། བརྟག་དཔྱད་བྱས་པའི་ཐོན་ཁུངས་རྣམ་གྲངས་བརྒྱད་འབུམ་བདུན་ཁྲི་ཟིན་པ། འཐུས་སྒོ་ཚང་བའི་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་དངོས་མིན་རིག་གནས་མིང་ཐོའི་མ་ལག་བཙུགས་པ་དང་། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁྱོན་1219ཡོངས་གྲགས་བྱས་ཡོད། རང་རྒྱལ་གྱིས་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པའི་མིང་བཏགས་པ་དང་། རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཁྱོན་1986གཏན་འཁེལ་བྱས་ཡོད་པ་རེད།

སྡོམ་རྩིས་ལས་མངོན་པར། རང་རྒྱལ་དུ་རྣམ་གྲངས་37མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་བཅུག་པ་དང་། འཛམ་གླིང་ཐོག་མིང་ཐོའི་ནང་བཅུག་པའི་རྣམ་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད་པ་རེད།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།