非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བོད་རང་སྐྱོང་ལྗོངས་ཀྱིས་ལྷ་སར་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་ལས་ཀ་བརྩམས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 11:28:21   འབྱུང་ཁུངས།༇ བོད་ལྗོངས་རིག་གནས་དྲ་བ།

རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ལྷ་ས་ཆུ་ཤུར་རྫོང་གཞས་རོང་གྲོང་ཚོའི་གཞས་རོང་དྲུང་རྩེ་ནི་གླུ་དང་མགུར།ཞབས་བྲོ་བཅས་སྣ་གསུམ་ལས་གྲུབ་པའི་སྒྱུ་རྩལ་ཞིག་རེད།ད་ལྟའི་བར་དུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་ཡོད།ད་ལོར་རྒྱལ་ཁབ་ཀྱི་དམངས་སྒོར་ཁྲི་༦༥ཡི་འགྲོ་གྲོན་དང།འཁྲབ་སྟོན་པ་མི་༡༥བསྣན།འཆམ་ལྭ་དང་འཁྲབ་ཆས་སོགས་སྒྲིགས་ཤིང་། བོད་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས།

ཉེ་རབས་སུ།ལྷ་ས་གྲོང་ཁྱེར་གྱིས་སྲུང་སྐྱོབ་གཙོ་བོ་དང་།མྱུར་སྐྱོབས་དང་པོ།བེད་སྤྱོད་འོས་འཚམས།རྒྱུད་འཛིན་འཕེལ་རྒྱས་བཅས་ཐབས་ཇུས་ལག་བསྟར་བྱས་ཏེ།ཆ་ཡོངས་སུ་མངོན་མིན་ཤུལ་བཞག་རིག་གནས་ཞིབ་བཤེར་དང་།རྒྱུན་ལོན།རྒྱུད་འཛིན།སྲུང་སྐྱོབ་བཅས་ཀྱི་ལས་ཀ་སྒྲུབ། མིག་སྔར་གྲོང་ཁྱེར་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་༧༦དང། དེའི་ནང་ལོགས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག༢༠དང།རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས༣༡།གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཚབ་མཚོན་རྣམ་གྲངས་༢༥ཡོད།

མངོན་མིན་རིག་གནས་ཤུལ་བཞག་གོ་རིམ་ལྡན་པར་སྲུང་སྐྱོབ་ཐོབ་པ།

ཉེ་བའི་ལོ་འདི་ཚོར།ལྷ་ས་གྲོང་ཁྱེར་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྣེ་ཁྲིད་ཚོགས་ཆུང་བཙུགས་པ་དང་།ལྷ་ས་གྲོང་ཁྱེར་མངོན་མིན་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ལས་ཀ་དོན་དངོས་དགོངས་འཆར་གཏན་འབེབས་གནང་།མངོན་གསལ་དུ་ཐུན་མོང་གི་རེ་བ་དང་སྲུང་སྐྱོབ་ཁོར་ཡུགསྒྲིག་ཁྲིམས་ལ་སོགས་པ་ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་ནི་སྲུང་སྐྱོབ་བཟོ་བཀོད་ལས་ཁུངས་སུ་གཏན་འབེབས་གནང་།རྫོང་རིམ་པར་འགན་ཁུར་མི་སྣ་རེ་དང།ལས་ཀ་བ་རེ།གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་དུ་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དྲ་བ། ཆ་ཡོངས་ནས་ལས་ཀ་འདི་གང་སར་དོ་སྣང་བྱེད་མགོ་བརྩམས།

དེ་དང་ཆབ་ཅིག་ལོ་རེར་གྲོང་ཁྱེར་ཡོངས་སུ་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་ཀ་སྤྱི་སྡོམ་ཚོགས་འདུ་བསྡུ་བ་དང་།ལོ་དེའི་ལས་ཀ་གཙོ་བོ་དང་།གོམ་གང་མདུན་སྤོས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀའི་རེ་བ་སྒྲུབ་པ་དང་།རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་འགན་ཁུར་ཡི་གེ་ལ་མཆན་བཀོད་གནང་དགོས་པ་རེད།

ལྷ་ས་གྲོང་ཁྱེར་རུ་ཆེད་ལས་མི་སྣ་གདམས་གསེས་གྱིས་དམངས་ཁྲོད་སྒྱུ་རྩལ་གསར་སྤེལ་དང།དག་སྒྲིག་ལས་ཀ་སྒྲུབ་པ་རེད།དམངས་ཁྲོད་སྒྱུ་རྩལ་ཞིབ་བཤེར་ལ་མི་སྣ་༡༠༠ལྷག་ལས་བགོས་བྱས་སྟེ།ཤུལ་བཞག་རྣམ་གྲངས་༨༠ལྷག་རྙེད་པ་རེད།ཕོན་ཆེན་པོས་སྒོ་ནས་པར་ལེན་དང་།རྒྱུ་ཆ་གསོག་ཉར།ཡིག་ཆ་དག་སྒྲིག་གིས་ལས་ཀ་སྒྲུབ་སྟེ།མངོན་མིན་རིག་གནས་ཤུལ་བཞག་གི་རིགས་དབྱེ་དང་།གྲངས་ཀརྣམ་པའི་ཁྱབ་ཁོངས།སྲུང་སྐྱོབ་གནས་ཚུལ་བཅས་དངོས་ཡོད་གནད་དོན་ལ་ཞུགས་པ་རེད།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།