非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན།འཕེལ་རྒྱས་བཅས་ནུས་ལྡན་ ཐུབ་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 11:29:09   འབྱུང་ཁུངས།༇ བོད་ལྗོངས་རིག་གནས་དྲ་བ།

ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་10ཚེས་23ཉིན་གནས་ཚུལ་འབྱོར་གསལ།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་22ཉིན་སྤེལ་བའི《བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན།གོང་འཕེལ་བཅས་ནུས་ལྡན་བྱུང་ཡོད་ཅེས་འཁོད་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན།བོད་རང་སྐྱོང་ལྗོངས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་ལ་མི་རིགས་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་ལེགས་སྒྲིགཞིབ་འཇུག་བཅས་བྱེད་པའི་ཚན་པ་བཙུགས་པ་དང་།དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཤུལ་བཞག་ལ་ཡོངས་ཁྱབ་ངང་ཞིབ་བཤེར་བྱས་ཡོད། སྔ་ཕྱིར《ཀྲུང་གོའི་ཟློས་གར་གྱི་བྱུང་རིམ•བོད་ཀྱི་བམ་པོ》དང་《ཀྲུང་གོའི་མི་རིགས་དམངས་ཁྲོད་ཞབས་བྲོ་ཕྱོགས་བསྡུས•བོད་ཀྱི་བམ་པོ》《ཀྲུང་གོའི་མི་རིགས་དམངས་ཁྲོད་རོལ་ཆ་དང་གཞས་གདངས་ཕྱོགས་བསྡུས•བོད་ཀྱི་བམ་པོ》སོགས་རིག་རྩལ་ཕྱོགས་བསྡུས་བྱུང་རིམ་དཔེ་དེབ་ཆེན་པོ་བཅུ་རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད་པ་དང་།མི་རིགས་རོལ་དབྱངས་དང་གླུ་གཞས།གཞས་མ་གཏམ་ཁྲི་གཅིག་ལྷག་ཙམ་བསྡུ་རུབ་ལེགས་སྒྲིག་བྱས་པ། ཡིག་ཐོག་གི་དཔྱད་གཞིའི་རྒྱུ་ཆ་ཡིག་འབྲུ་ཁྲི་3000ལྷག་ཙམ་ཟིན་ཡོད།

རྒྱབ་ཤ་དཀར་པོའི་དེབ་དེའི་ནང་།མིག་སྔར་བོད་ལ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་800ཡོད་པ་དང་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་སྟོན་ཚན་པ་80ཡོད་པ། རྒྱུན་འཛིན་པ་1177ཡོད། དེའི་ཁྲོད་བོད་ཀྱི་ལྷ་མོ་དང《གེ་སར་རྒྱལ་པོའི》ལོ་རྒྱུས་སྙན་ངག་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་བྱང་ནང་བཅུག་པ་དང་།བོད་ཀྱི་ཐང་ག་དང་བོད་ཤོག་བཟོ་རྩལ་སོགས་རྣམ་གྲངས་75རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་བྱང་ནང་བཅུག་པ།རྒྱུན་འཛིན་པ་68རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་བྱང་ནང་བཅུག་པ།རྣམ་གྲངས་323དང་རྒྱུན་འཛིན་པ་227རང་སྐྱོང་ལྗོངས་རིམ་པའི་མིང་བྱང་ནང་བཅུག་པ།གནའ་དཔེ་རྩ་ཆེན་158རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་བྱང་ནང་བཅུག་ཡོད།རིག་གནས་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྔ་ཕྱིར་ས་ཆ་5ལ་རྒྱལ་ཁབ་རིམ་པའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མིང་བཏགས་པ་དང་།ས་ཆ་19ལ་རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཕ་ཡུལ་ཞེས་པའི་མིང་བཏགས་པ།ས་ཆ་2ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཕ་ཡུལ་ཞེས་པའི་མིང་བཏགས་ཡོད།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།