非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཟི་ལིང་གྲོང་ཁྱེར་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོང་ལྟེ་གནས་བཙུགས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 11:29:58   འབྱུང་ཁུངས།༇ ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་རིག་གནས་དགོས་མཁོ་སྐོང་ཅི་ཐད་བྱེད་ཆེད། སྤྱི་ཟླ༨པའི་ཚེས༢༣ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དངོས་མིན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་ལྟེ་གནས་དངོས་སུ་བཙུགས་པ་རེད།

ཤེས་གསལོ་བྱུང་བ་ལྟར་ན། དངོས་མིན་ཤུལ་བཞག་རིག་གནས་ནི་རང་རྒྱལ་གྱི་མི་རིགས་སོ་སོས་དུས་ཡུན་རིང་བོ་ནང་གསར་སྐྲུན་དང་གསོག་འཇོག་བྱས་པའི་རྒྱུ་ནོར་གལ་ཆེན་ཡིན་ལ། མི་རིགས་སོ་སོ་ངོས་འཛིན་བྱེད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པ་མ་ཟད། མི་རིགས་རྒྱུན་འཛིན་དང་མ་འོངས་བར་ཁ་ཕྱོགས་པའི་རྨང་གཞི་དང་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན། སྤྱི་ཚོགས་ཡོངས་ནས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་ལ་ངོས་ཤེས་ཟབ་མོ་ཐོབ་མེད་པས། དངོས་མིན་ཤུལ་བཞག་རིག་གནས་ཚན་རིག་གི་ལམ་ནས་སྲུང་སྐྱོང་བྱེད་མི་ཐུབ་པ་དང་། ཚད་ལས་བརྒལ་བའི་གསར་སྤེལ་འཛུགས་སྐྲུན་བྱས་པ་སོགས་རིག་གནས་ཐོན་ཁུངས་ཐད་ལ་གཏོར་བརླག་ཆེན་པོ་ཐེབས། དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོང་ལྟེ་གནས་བཙུགས་པ་འདིས་ཟི་ལིང་གྲོང་ཁྱེར་དུ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ཐད་ད་ནས་བཟུང་སྲུང་སྐྱོང་ལས་ཁུངས་དངོས་སུ་ཡོད་པར་མཚོན་ལ། ཟི་ལིང་གྲོང་ཁྱེར་གྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བ་དང་རྒྱལ་ཁབ། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ཐད་གཅིག་གྱུར་ཡོང་བའི་རྣམ་པ་གསར་བ་ཞིག་ངང་གིས་གྲུབ་འདུག་པས། ཟི་ལིང་གྲོང་ཁྱེར་གྱི་དངོས་མིན་ཤུལ་བཞག་རིག་གནས་བྱ་བ་དུས་སྐབས་གསར་བ་ཞིག་ཏུ་ཐོན་ཡོད།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།