非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
རྫ་མཁས་བསོད་ནམས་ཚེ་རིང་།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 19:12:08   འབྱུང་ཁུངས།༇པད་མ་མཚོས་བསྒྱུར།

འཇང་རིགས་ཀྱི་ཤོག་བཟོའི་རྒྱུན་འཛིན་མཁན་ཧོ་ཀྲི་པུན།

འཇང་རིགས་རྒན་པོ་ཧོ་ཀྲི་པུན་ནི་1928ལོར་སྐྱེས་པ་དང་།སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་འབའ་སྡེ་གྲོང་སྡེ་ཀུའུ་ཏུའུ་སྡེ་མི་ཚོ་ཆུང་གི་མི་ཡིན།ལོ་ན་བཅུ་གཉིས་ཀྱི་སྐབས་སུ་རང་གི་ཨ་ཞང་ཁུ་ཧེང་གི་མཛུབ་སྟོན་འོག་སྟོན་པའི་ཆོས་དཔེ་དང་ཤོག་བཟོའི་སྒྱུ་རྩལ།ལྡེབས་རིས་དང་ཤིང་བརྐོས་སོགས་ལ་སློབ་སྦྱོང་བྱས་ཤིང་།སྟོན་པའི་རིག་གནས་ལག་རྒྱུན་བྱེད་མཁན་གྱི་མི་རབས་དྲུག་པ་ཡིན།

ད་སྐབས། འབའ་སྡེ་ས་ཁུལ་དུ་ལོ་ན་དགུ་བཅུར་སོན་པའི་ཧོ་ཀྲི་པུན་ནི་སྟོན་པའི་རིག་གནས་ཅུང་ཆ་ཚང་གིས་རྒྱུན་འཛིན་བྱེད་མཁན་ཡིན་ལ།མིག་སྔར་སྔར་བཞིན་འཇང་རིགས་ཀྱི་སྟོན་པའི་ཤོག་བཟོའི་ལག་རྩལ་རྒྱུད་སྤེལ་བྱེད་བཞིན་ཡོད་པ་མ་ཟད།རང་གི་བྱིས་པ་དང་ཆུང་མ།སྡེ་བའི་ན་གཞོན་རྣམས་སྣེ་ཁྲིད་ནས་སྟོན་པའི་རིག་གནས་ལ་ཁྱབ་སྤེལ་དང་ཞིབ་འཇུག་གནང་བཞིན་ཡོད།2007ལོར། རིག་གནས་པུའུ་ཡིས་ཧོ་ཀྲི་པུན་ལ་རིམ་པ་དང་པོའི་རྒྱལ་ཁབ་རིམ་པའི་“འཇང་རིགས་ཀྱི་ཤོག་བཟོའི་ལག་རྩལ་”རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་མཁན་གྱི་མཚན་སྙན་སྩལ་བ་རེད།

བདེ་ཆེན་གྱི་སྐོར་བྲོའི་རྒྱུན་འཛིན་པ་རྟ་མགྲིན་ཆོས་འཕེལ།

རྟ་མགྲོན་ཆོས་འཕེལ།བོད་རིགས།1933ལོར་འཁྲུངས།སེམས་ཀྱི་ཉི་ཟླ་རྫོང་གཏོར་མ་རོང་ཤང་ཞིན་ལན་གྲོང་སྡེའི་རུད་སྤོ་ཡུལ་མི་ཚོ་ཆུང་གི་མི་ཡིན། རྟ་མགྲིན་ཆོས་འཕེལ་ལོ་ན་ཆུང་དུས་ནས་བཟུང་གླུ་གར་ལ་དགའ་པོ་ཡོད།ཨ་མེས་དང་ཨ་ཕྱི་ཡིས་ཁྲིད་སྟོན་བྱས་འོག རིམ་གྱིས་གཏོར་མ་རོང་གི་སྐོར་བྲོའི་ནང་དོན་ཡོངས་རྫོགས་དང་དེའི་ཁྱད་ཆོས་ཁོང་དུ་ཆུད་ཅིང་།བོད་རིགས་ཀྱི་གོམས་གཤིས་དང་གུས་ལུགས་ཤེས་རྒྱུས་ལོན་པས།གཏོར་མ་རོང་དུ་མིང་གྲགས་ཅུང་ཙམ་ལྡན་ཡོད་དེ།གྲོང་སྡེའི་ནང་གི་བརྩི་འཇོག་ལྡན་པའི་སྒྱུ་རྩལ་པ་རྒན་པ་ཞིག་ཡིན།2008ལོར།རྟ་མགྲིན་ཆོས་འཕེལ་ལ་རིག་གནས་པུའུ་ཡིས་འབོར་ཐེངས་གཉིས་པའི་རྒྱལ་ཁབ་རིམ་པའི་“བདེ་ཆེན་གྱི་སྐོར་བྲོ”རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་མིང་བཏགས་པ་རེད།
 

ཁྲོམ་རའི་དགོས་མཁོ་ཇེ་ཆེར་སོང་བ་དང་བསྟུན་ནས།ཉི་ཤར་རྫ་ནག་གི་མཚོན་བྱེད་མི་སྣ་རྒན་པོ་བསོད་ནམས་ཚེ་རིང་ཚང་གི་མཛོད་ཁང་ནང་གི་རྫ་ནག་ཚང་མ་བཙོངས་ཚར་བ་དང་། རྒན་པོ་བསོད་ནམས་ལགས་ཀྱིས་རྫ་བཟོའི་སྒྱུ་རྩལ་གྱི་མ་འོངས་པར་རེ་བས་ཁེངས་ཡོད།ཁོང་གིས་ཐུན་མོང་དཔལ་འབྱོར་གྱི་དུས་སྐབས་དང་།རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ལག་རྩལ་འདི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མ་མྱོང་ཞེས་ཟེར་ལ།ད་ལྟ་བཟའ་མི་5ཡིས་ལག་རྩལ་འདི་ཤེས་པ་མ་ཟད།ལོ་རེར་ཡོངས་སྒོ་མ་མཐའ་ཡང་སྒོར་ཁྲི5ཡོད་པ་རེད།

རྒན་པོ་བསོད་ནམས་ཚེ་རིང་གིས་ད་ལྟ་ཁོང་ཚང་གིས་ཐོན་རྫས་རིགས་གསུམ་མ་གཏོགས་བཟོ་སྐྲུན་བྱེད་ཀྱི་མེད་པ་དང་།ཁྱོན་བསྡོམས་བཟོ་དབྱིབས་མི་འདྲ་བ100ལྷག་ཡོད་དེ།འཚོ་བའི་ཉེར་སྤྱོད་དང་།མཛེས་སྤྲས་མཁོ་རྫས།ཆོས་ལུགས་ཡོ་བྱད་སོགས་ཡོད་ལ།དངོས་པོ་མང་པོ་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པ་རེད་ཟེར།
དོན་དངོས་ཐོག་རྒན་པོའི་མདུན་དུ་རྫ་བཟོའི་ལག་རྩལ་ལ་སློབ་སྦྱོང་བྱེད་མཁན་རང་གི་བཟའ་མི་ཕུད།ད་དུང་རང་སྡེ་བའི་སྡེ་མི་100ལྷག་དང་ཨ་མེ་རི་ཁ་དང་འཇར་པན་སོགས་ཕྱི་རྒྱལ་གྱི་གྲོགས་པོ་ཡང་ཡོད་པ་རེད།

རྒན་པོ་བསོད་ནམས་ཚེ་རིང་གིས་རང་ཉིད་ཀྱི་མི་ལོ51རིང་གི་བྱ་གཞག་ལས་དོན་ལ་དུས་རིམ་གསུམ་དུ་བགར་ཡོད་དེ།

དུས་རིམ་དང་པོ་ནི་ཐུན་མོང་དཔལ་འབྱོར་གྱི་དུས་སྐབས་སུ་ཡིན་ལ།དེ་དུས་ང་ཚོར་རྫ་ནག་གི་བཟོ་གྲྭ་ཡོད་པ་རེད།རང་ཉིད་དང་དགེ་ཕྲུག་ཚོས་གཞུང་ལས་སྒྲུབ་ཚར་རྗེས།ལྷག་མ་ལུས་པའི་ཐོན་རྫས་རིན་གོང་ཁྲོད་བརྒྱ་ཆའི་70རང་ཉིད་ཀྱིས་འཁྱེར་ཆོག་པས།འཚོ་བ་རོལ་བ་ཧ་ཅང་བཟང།

དུས་རིམ་གཉིས་པ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་མགོ་ཡིན་ལ།དེ་དུས་ང་ཚོའི་ཟླ་ཕོགས་ཉུང་བས།ང་ཚོའི་རྫ་ནག་ཡང་གོང་ཆེན་པོས་བཙོང་མི་ཐུབ། རྫ་ནག་དེ་དག་རྫོང་མཁར་དུ་འཁུར་ནས་བཙོང་དགོས་ལ།ལམ་བར་དུ་གསུམ་ཆའི་གཅིག་གི་རྫ་ནག་ལ་ཆག་སྐྱོན་བཟོ་སྲིད་པ་རེད།འདི་འདྲ་ཡིན་ཡང་རང་ཉིད་ཀྱི་འཚོ་བ་རྒྱུན་འཁྱོངས་བྱེད་པར་དཀའ་ཁག་མེད །

རིམ་པ་གསུམ་པ་ནི་ད་ལྟའི་དུས་སྐབས་ཏེ། ད་ལྟ་མི་ཚང་མ་ཕྱུག་པོ་ཡིན་པས།རྫ་ཆས་རིགས་འདི་འཚོ་བའི་ཉེར་སྤྱོད་བཟོ་བ་མ་ཟད།མཛེས་སྤྲས་མཁོ་རྫས་ཀྱང་བྱེད་པ་རེད།

རྒན་པོ་བསོད་ནམས་ཚེ་རིང་ལ་ཡུན་ནན་ཞིང་ཆེན་གྱི་དམངས་ཁྲོད་མཐོ་རིམ་མཛེས་རྩལ་པའི་མཚན་སྙན་གནང་ཡོད།ཁོང་ལ་མ་འོངས་པར་རྫ་བཟོའི་བཟོ་སྐྲུན་ལེགས་སུ་གཏོང་བའི་རེ་བ་ཡོད་དེ།དཔེར་ན་གློག་གིས་ད་ལྟའི་བུད་ཤིང་གི་ཚབ་བྱེད་པ་སོགས་བྱས་ན་ཧ་ཅང་ལེགས་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་ཟེར།


 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།