非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཇ་རྟའི་ཚོང་ལམ་སྟེ་མི་རིགས་སོ་སོའི་རིག་གནས་ཀྱི་བར་ཁྱམས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 19:19:35   འབྱུང་ཁུངས།༇

2006ལོའི་ཟླ་6པའི་ཚེས་17ཉིན།བོད་ལྗོངས་སུ་སྐྱོད་པའི་བྱེས་བགྲོད་རླངས་འཁོར་20ཡིས་ཞ་ཀོན་གྱི་ཇ་རིལ་སྐྱེལ་འདྲེན་བྱེད་ཆེད་ཇ་རྟའི་ཚོང་ལམ་ལ་ཡང་བསྐྱར་འགྲོ་བ་རེད།ཁུན་མིང་ནས་རྡོག་ཐོན་བྱས་ཏེ།ཏ་ལི་དང་སེམས་ཀྱི་ཉི་ཟླ།འཇོལ་རྫོང་ལ་བརྒྱུད་དེ་བོད་ལྗོངས་ཀྱི་སྨར་ཁམས་དང་།དཔའ་ཤོད།སྤོ་མེས།ཉིང་ཁྲི་བཅས་ལ་སླེབས་ཏེ་བོད་ལྗོངས་སུ་སྐྱོད་པ་རེད།དེའི་རིང་ལ།རླངས་འཁོར་རུ་ཁག་གིས་འབྲི་ཆུ་དང་རྫ་ཆུ།རྒྱལ་མོ་རྔུལ་ཆུ་སོགས་ཆུ་བོ་ཆེན་པོ་གསུམ་ལས་བརྒལ་བ་དང་།ནུབ་ཅང་རི་བོ་སོགས་རི་བོ་དྲུག་ལས་བརྒལ་ནས།ཉིན་བཅུའི་འབད་བརྩོན་བྱས་རྗེས་གནས་མཆོག་ལྷ་སར་སླེབས་པ་རེད།

ཀྲུང་གོའི་མཁས་དབང་གི་ཆེས་གསར་པའི་ཞིབ་འཇུག་མཇུག་འབྲས་ཀྱིས་མཚོན་པ་ལྟར་ན།སྐད་གྲགས་ཁྱབ་པའི་ཇ་རྟའི་ཚོང་ལམ་ནི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་མཐིལ་འབྲེལ་བྱེད་པའི་ཚོང་ལམ་ཞིག་ཡིན་པ་མ་ཟད།ཀྲུང་གོའི་མི་རིགས་སོ་སོའི་རིག་གནས་སྤེལ་རེས་བྱེད་པའི་བར་ཁྱམས་ཀྱང་ཡིན།ཡུན་ནན་ཞིང་ཆེན་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཞུན་གྱིས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཆེད་དོན་འཆད་ཁྲིད་བྱེད་སྐབས།ལོ་ངོ་20ཡི་རིང་གི་ཇ་རྟའི་ཚོང་ལམ་ལ་ཞིབ་འཇུག་བྱས་པའི་བློ་སྐྱེད་ཞིབ་བཤད་གནང་བ་རེད།

ཇ་རྟའི་ཚོང་ལམ་ནི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་གནས་ཡོད་དེ །རྟ་གཤར་གྱིས་གཙོ་བོ་བྱེད་པའི་དམངས་ཁྲོད་ཚོང་ལམ་ཞིག་ཡིན་ལ།ཀྲུང་གོའི་གནའ་རབས་ཀྱི་ཇ་དང་རྟ་ཕན་ཚུན་ཉོ་ཚོང་བྱེད་ས་ཞིག་ཡིན།ཐང་དང་སུང་རྒྱལ་རབས་ལ་དར་འགོ་ཚུགས་ཤིང་།ཚོང་ལམ་དེ་ཡུན་ནན་དང་བོད་ལྗོངས་ལ་མཐིལ་འབྲེལ་བྱེད་པ་དང་།རྒྱ་གར་སོགས་ས་ཆ་ལ་མཆེད་ཡོད་པ་རེད།

ལི་ཞུན་གྱིས་ཇ་རྟའི་ཚོང་ལམ་གྱི་ལམ་ཐིག་སྐོར་ལ་ངོ་སྤྲོད་བྱེད་དུས།ལམ་ཐིག་གཙོ་བོ་ནི་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལམ་ཐིག་དང་།ཡུན་ནན་ནས་བོད་ལྗོངས་བར་གྱི་ལམ་ཐིག་ཁག་གཉིས་ཡོད་ལ།སི་ཁྲོན་གྱི་ཇ་ནི་ཐོན་ས་གཡག་རྔ་དང་མེང་ཧྲན་སོགས་ནས་དར་མདོར་བརྒྱུད་དེ།བོད་ལྗོངས་སུ་བསྐྱལ་བ་རེད།ལམ་ཐིག་གཞན་ནི།ཡུན་ནན་ཏ་ལི་དང་བདེ་ཆེན་བརྒྱུད་ནས་བོད་ལྗོངས་སུ་བསྐྱལ་བ།ལམ་ཐིག་འདི་གཉིས་ཀ་ཆབ་མདོའི་སྤང་མདའ་གོས་ཆེན་ཐང་དུ་འཛོམས་ནས།ལྷ་རོང་དང་ཀོང་པོ་རྒྱ་མདའ།མལ་གྲོ་གུང་དཀར་སོགས་བརྒྱུད་དེ་ལྷ་སར་བསྐྱལ་དགོས་ཞེས་བཤད་པ་རེད།

ཇ་རྟའི་ཚོང་ལམ་གཙོ་བོ་ནི་དམངས་ཁྲོད་དུ་སྤེལ་རེས་བྱེད་པའི་ལམ་ཐིག་ཞིག་ཡིན་ལ།ཇ་རྟའི་ཚོང་ལམ་གྱིས་མི་རིགས་སོ་སོའི་འབྲེལ་བ་དམ་པོར་གྱུར་པ་དང་།རི་བོ་ཧི་མ་ལ་ཡའི་རིག་གནས་ས་རྒྱུད་དང་ནང་ལོགས་ས་ཁུལ་ལྷན་འབྲེལ་བྱེད་པ་དང་།དུས་ཡུན་རིང་པོར་འགྲོ་འོང་བྱས་ནས།དཔལ་འབྱོར་དང་རིག་གནས།ལོ་རྒྱུད་བཅས་ཕན་ཚུན་མཉམ་འབྲེལ་བྱས་ཏེ།མི་རིགས་སོ་སོའི་རིག་གནས་ཀྱི་བར་ཁྱམས་ཆེན་མོ་ཞིག་ཏུ་གྱུར་ཡོད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།