非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
སྲོལ་རྒྱུན་ལག་རྩལ་ལ་མི་རིགས་ཀྱི་གནས་རིན་ཐང་དང་ཚོང་ལས་དཔལ་འབྱོར་རིན་ཐང་ལྡན།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 17:59:51   འབྱུང་ཁུངས།༇

སྲོག་རྒྱུན་ལག་རྩལ་ཏེ།འཇང་རིགས་ཀྱི་ཤོག་བཟོའི་ལག་རྩལ(གཡོན།) སོ་མ་འཐག་པའི་ལག་རྩལ(གཡས)།

སྲོལ་རྒྱུན་ལག་རྩལ་རིགས་ཀྱི་རྣམ་གྲངས་མང་ཞིང་། ཁྱོན་བསྡོམས་ཉེར་དགུ་ཡོད། དེའི་ནང་རྒྱལ་ཁབ་རིམ་པ་གཉིས་དང་། ཞིང་ཆེན་རིམ་པ་གསུམ་ཡོད་ལ། ཁུལ་རིམ་པ་ཉེར་གཅིག་དང་རྫོང་རིམ་པ་གསུམ་བཅས་ཡོད་ཅིང་། ཞིང་ཆེན་རིམ་པ་ཡན་གྱི་རྣམ་གྲངས་ནང་འཇང་རིགས་ཀྱི་ཤོག་བཟོའི་ལག་རྩལ་དང་སྲོལ་རྒྱུན་སོ་མ་འཐག་པའི་ལག་རྩལ། བོད་རིགས་ཀྱི་རྫ་བཟོའི་ལག་རྩལ་དང་ལྕགས་རིགས་ལུགས་རྒྱག་པའི་ལག་རྩལ། འཁལ་འཐག་ལག་རྩལ་བཅས་ལྔ་ཡོད།

རྣམ་གྲངས་དེ་རིགས་ནང་དུ། མང་ཆེ་བ་ནི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ངལ་རྩོལ་ལ་འབྲེལ་བ་ཡོད། དེའི་ནང་དུ་མང་ཆེ་བ་ནི་འཁལ་འཐག་དང་གོས་རྒྱན་བཟོ་སྐྲུན་ལག་རྩལ་ཡིན་ཞིང་ཁྱོན་བསྡོམས་རྣམ་གྲངས་དགུ་ཡོད། དེ་མིན་ནི་ཨར་ལས་ལག་རྩལ་ཡིན་ཞིང་ཁྱོན་བསྡོམས་རྣམ་གྲངས་དྲུག་ཡོད། བཟའ་བཅའི་ལག་རྩལ་ནི་རྣམ་གྲངས་གཉིས་ཡོད་ལ། རྫ་ཆས་དང་ཤིང་ཆས་ཀྱི་བཟོ་སྐྲུན་ལག་རྩལ་རྣམ་གྲངས་གསུམ་དང་། ལག་ཆ་དང་འཕྲུལ་ཆས་བཟོ་སྐྲུན་ལག་རྩལ་རྣམ་གྲངས་གཉིས། རྒྱན་ཆ་ལག་རྩལ་རྣམ་གྲངས་གཅིག་བཅས་ཡོད། ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཤོག་བཟོའི་ལག་རྩལ་རྣམ་གྲངས་གཉིས་དང་། མཆོད་རྟེན་བཞེངས་སྐྲུན་ལག་རྩལ་རྣམ་གྲངས་གཉིས། འདྲ་བརྙན་བཟོ་རྩལ་རྣམ་གྲངས་གཅིག ལྕགས་རིགས་ལག་རྩལ་རྣམ་གྲངས་གསུམ་བཅས་ཡོད།

 སྲོལ་རྒྱུན་ལག་རྩལ་གྱི་རྣམ་གྲངས་ནང་དུ། བོད་རིགས་རྣམ་གྲངས་ཉི་ཤུ་དང་། ལི་སུའུ་རིགས་ཀྱི་རྣམ་གྲངས་དྲུག འཇང་རིགས་ཀྱི་རྣམ་གྲངས་གསུམ་བཅས་ཡོད། སྲོལ་རྒྱུན་ལག་རྩལ་ལ་སྲུང་སྐྱོང་བྱེད་ཚུལ་ཡག་པོ་ཡོད། འོན་ཀྱང་། འཇང་རིགས་ཀྱི་སྲོལ་རྒྱུན་སོ་མ་འཐག་པ་དང་ཤོག་བཟོའི་ལག་རྩལ་དང་།ཉི་ཤར་ཤང་གི་ཤོག་བཟོའི་ལག་རྩལ་དེ་གཉིས་ནི་འཇིག་ཉེན་ཡོད་དེ།སྲུང་སྐྱོང་ཡག་པོ་བྱེད་དགོས།

སྲོལ་རྒྱུན་ལག་རྩལ་རྣམ་གྲངས་ཀྱི་ཐོན་སྐྱེད་བེད་སྤྱོད་རིན་ཐང་ཆེ། རྣམ་གྲངས་དེ་ཚོ་མང་ཆེ་བ་ནི་ཚོང་ལས་བདག་གཉེར་ལ་འབྲེལ་བ་ཡོད་དེ། དཔེར་ན། བོད་ཀྱི་རྫ་བཟོའི་ལག་རྩལ་དང་། ལྕགས་རིགས་བཟོ་སྐྲུན་ལག་རྩལ། ཤིང་བཟོའི་ལག་རྩལ་དང་མི་རིགས་གོས་རྒྱན་ལག་རྩལ་སོགས་ཡོད། ད་དུང་རིག་གནས་རིན་ཐང་དང་དཔལ་འབྱོར་རིན་ཐང་ལྡན་པའི་གསར་གཏོད་བྱས་ཡོད་པའི་རྣམ་གྲངས་ཁ་ཤས་ཡོད་དེ། དཔེར་ན། བཟའ་བཅའི་བཟོ་སྐྲུན་ལག་རྩལ་དང་མི་རིགས་རོལ་ཆའི་བཟོ་སྐྲུན་ལག་རྩལ་སོགས་ཡོད།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།