非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
སྲོལ་རྒྱུན་གྱི་ཞབས་བྲོ་དེ་བགྲེས་པོར་གྱུར་ནས་རིག་གནས་ཀྱི་ཁེར་ཆགས་གླིང་ཕྲན་དུ་གྱུར་བའི་གནས་ཚུལ་མི་ལེགས་པ་བྱུང་ཡོད།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 18:02:34   འབྱུང་ཁུངས།༇

བདེ་ཆེན་ས་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཐམས་ཅད་གཞས་བཏང་ན་གཞས་ཡོད། བྲོ་འཁྲབ་ན་བྲོ་ཡོད་དེ། ཐོན་སྐྱེད་འཚོ་བའི་ནང་དུ་གཞས་དང་བྲོ་ལ་བྲལ་དཀའ་བ་རེད། དེའི་རྐྱེན་གྱིས་སྲོལ་རྒྱུན་གྱི་བྲོ་རིགས་རྣམ་གྲངས་མང་བ་སྟེ། ཁྱོན་བསྡོམས་རྣམ་གྲངས་ཉེར་བཞི་ཡོད། དེའི་ནས་དུ་རྒྱལ་ཁབ་རིམ་པའི་རྣམ་གྲངས་གཉིས་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་གཉིས། ཁུལ་རིམ་པའི་རྣམ་གྲངས་བཅུ་བདུན། རྫོང་རིམ་པའི་རྣམ་གྲངས་གསུམ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་གཉིས་ཡོད་དེ་17%བཟུང་ཡོད། བདེ་ཆེན་བོད་རིགས་ཀྱི་སྐོར་བྲོ་དང་ལི་སུའུ་རིགས་ཀྱི་ཨ་ཁྲི་མོ་ཀྭ། འཇོལ་རྫོང་གི་བོད་རིགས་གཞས་བཅས་ཡོད།

རིགས་འདིའི་རྣམ་གྲངས་ཀྱི་ནང་དུ། མང་ཆེ་བ་ནི་འཚོ་བའི་གོམས་སྲོལ་སྐོར་གྱི་ཞབས་བྲོ་དང་ལོ་ཟླ་དུས་ཚིགས་གོམས་སྲོལ་སྐོར་གྱི་ཞབས་བྲོ་ཡིན། ཁྱོན་བསྡོམས་རྣམ་གྲངས་ཉི་ཤུ་ཡོད། གཞན་ཡང་ཆོས་དད་ཞབས་བྲོའི་རྣམ་གྲངས་བཞི་ཡོད།

སྲོལ་རྒྱུན་གྱི་བྲོ་རིགས་རྣམ་གྲངས་ནང་དུ། བོད་ཀྱི་ཞབས་བྲོའི་རྣམ་གྲངས་བཅུ་དང་། ལི་སུའུ་རིགས་ཀྱི་ཞབས་བྲོའི་རྣམ་གྲངས་དྲུག འཇང་རིགས་ཀྱི་ཞབས་བྲོའི་རྣམ་གྲངས་དྲུག་དང་མི་རིགས་གཞན་པའི་ཞབས་བྲོའི་རྣམ་གྲངས་གཉིས་བཅས་ཡོད།

སྲོལ་རྒྱུན་གྱི་ཞབས་བྲོའི་རིགས་ཀྱི་རྣམ་གྲངས་ཀྱི་སྲུང་སྐྱོང་གནས་ཚུལ་སྤྱི་ཡོངས་དུ་ལེགས། འོན་ཀྱང་འཇང་རིགས་ཀྱི་མ་རྟ་ཞེས་པའི་ཞབས་བྲོ་དང་ཅིན་ཅང་གྲོང་སྡེའི་ཆི་ལིན་རྩེད་བྲོ་ལ་ཞུགས་མཁས་ཉུང་བ། རིགས་སྣ་མང་བའི་ཞབས་བྲོའི་རིགས་ཀྱི་རྣམ་གྲངས་ཀྱིས་བདེ་ཆེན་གྱི་རིག་གནས་ཁྱད་ཆོས་དང་སྲོག་ཤིང་རིན་ཐང་མངོན་པར་མཚོན་ཡོད། མཚོན་བྱེད་རང་བཞིན་ལྡན་པའི་ཞབས་བྲོ་ནི་སྐོར་བྲོ། གཞས་དང་ཨ་ཁྲི་མོ་ཀྭ། རས་པ་སོགས་ཡོད། མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་མི་འདྲ་བའི་རྐྱེན་གྱིས།བྲོ་རིགས་ཀྱི་རྣམ་གྲངས་ལ་མི་རིགས་སོ་སོ་ཕན་ཚུན་མཉམ་འདྲེས་བྱེད་པའི་རྣམ་པ་ལྡན། འདི་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་དགོས།

དེ་ལས་གཞན། བདེ་ཆེན་ཁུལ་གྱི་སྲོལ་རྒྱུན་ཞབས་བྲོ་ནི་ཕལ་ཆེ་མཉམ་སྡེབ་ཞབས་བྲོ་ཡིན་པ་དང་བྲོ་གཞས་ལ་གཏམ་གླུ་སྤེལ་བའི་ཁྱད་ཆོས་ལྡན། གླུ་གར་གྱི་སྣེ་ཁྲིད་མཁན་ནི་རྩ་འཛུགས་བྱེད་མཁན་ཡིན་པ་མ་ཟད། གླུ་གར་ལག་རྩལ་ཤིན་ཏུ་མཁས་པའི་རྒན་པོ་ཡིན། ཁོ་ཚོ་ནི་བྲོ་རིགས་རྣམ་གྲངས་ཀྱི་རྒྱུན་འཛིན་མི་སྣ་གཙོ་བོ་ཡིན། ཁོ་ཚོ་ལ་རོགས་སྐྱོར་དང་སྲུང་སྐྱོང་བྱེད་དགོས།ད་ལྟ་ཐང་ཆེན་ཞབས་བྲོ་གསར་སྐྲུན་བྱེད་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས། སྲོལ་རྒྱུན་ཞབས་བྲོའི་རྒྱུན་འཛིན་དང་དར་འཕེལ་ལ་བཀག་འགོག་བྱེད་ཡོད། སྲོལ་རྒྱུན་ཞབས་བྲོ་དེ་བགྲེས་པོར་གྱུར་ནས་རིག་གནས་ཁེར་ཆགས་གླིང་ཕྲན་དུ་གྱུར་བའི་གནས་ཚུལ་མི་ལེགས་པ་བྱུང་ཡོད།
  

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།