非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
སྲོལ་རྒྱུན་གྱི་ཟློས་གར་ཏེ་བོད་ཀྱི་ཟློས་གར་དང་ཏེན་ཟློས་གར་དེ་རྒྱུན་ཆད་པའམ་ཉེན་ཁར་བཅར་ཡོད།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 18:03:25   འབྱུང་ཁུངས།༇

བདེ་ཆེན་ཁུལ་ལ་སྲོལ་རྒྱུན་གྱི་ཟློས་གར་རིགས་ནི་ཁྱོན་བསྡོམས་རྣམ་གྲངས་གཅིག་ཡོད་དེ།ཁུལ་རིམ་པའི་རྣམ་གྲངས་ཡིན།

འབའ་ལུང་པའོ་ཧོ་གྲོང་རྡལ་གྱི་རྒྱ་རིགས་ཀྱི་ཚིག་ཆེའི་ཟློས་གར་ནི་ཆིན་རྒྱལ་རབས་ཀྱི་ཀོང་ཞུས་ཁྲི་ལོའི་སྐབས་སུ་འབའ་ལུང་ལ་དར་འགོ་ཚུགས་པས།ལོ་རྒྱུས་རིང་པོ་ལྡན། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ནི་དེའི་ནང་དོན་གཙོ་ཡིན། འཁྲབ་གཞུང་རྩོམ་པ་དང་ལྟད་མོ་སྟོན་པའི་གོ་རིམ་དུ་འབའ་ལུང་རྒྱ་རིགས་ཀྱི་ཁ་སྐད་དང་རིག་གནས་རྒྱུ་རྐྱེན་མུ་མཐུད་དུ་དེའི་ནང་དུ་འདུས་པའི་རྐྱེན་གྱིས།ཟློས་གར་དེ་ལ་ས་གནས་ཀྱི་ཁྱད་ཆོས་གསལ་པོ་ལྡན་པ་མ་ཟད། ཀྲུང་གོའི་ཟློས་གར་གྱི་ནང་ལ་གོ་གནས་ངེས་ཅན་ཞིག་བཟུང་ཡོད།

བདེ་ཆེན་ས་ཁུལ་དུ་དར་ཁྱབ་མྱངས་པའི་བོད་ཀྱི་ཟློས་གར་དང་ཏེན་ཟློས་གར། རྒྱ་རིགས་ཀྱི་ཚིག་ཆེའི་ཟློས་གར་ནི་རྒྱུན་ཆད་པའམ་ཉེ་ཁར་བཅར་ཡོད་ཅིང་། ད་ཡོད་རྒྱ་རིགས་ཀྱི་ཚིག་ཆེའི་ཟློས་གར་གྱི་རྣམ་གྲངས་དེའང་ཉེན་ཁར་བཅར་ཡོད་ལ།འཁྲབ་ཚན་མང་པོའི་རྒྱུན་ཤོར་བའི་རྐྱེན་འཁྲབ་ཚན་10ཙམ་ལས་སོར་ཉར་མེད་སྟབས།ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།