非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
༄༅།།བདེ་ཆེན་ཁུལ་གྱིས་“གཙང་གསུམ་མཉམ་བཞུར”ས་ཁུལ་ལ་གཅེས་སྤྲས་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 18:03:50   འབྱུང་ཁུངས།༇

ང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་“གཙང་གསུམ་མཉམ་བཞུར”ས་ཁུལ་ལ་སླེབས་དུས། མི་དང་རང་བྱུང་ཁམས་མཉམ་དུ་འཆམ་མཐུན་ངང་གནས་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་སྨན་རི་ལྗོངས་ཁུལ། གླེགས་སྤུངས་གྲོང་སྡེ། མྱི་ཟུར་གྲོང་སྡེ་སོགས་ཀྱི་ངོ་མཚར་ཆེ་བའི་ལྗོངས་རྣམ་ཀྱིས་ཡིད་དབང་འཕྲོག་སྟེ་ཕྱིར་ལོག་འདོད་མེད་པར་གྱུར།

ཉེ་བའི་ལོ་འགའི་རིང་ལ།བདེ་ཆེན་ཁུལ་གྱི་ཏང་ཨུ་སྲིད་གཞུང་གིས་བཅའ་ཁྲིམས་ལ་བརྟེན་ནས་སྲུང་སྐྱོང་དང་གསར་སྤེལ་བྱས་པ་མ་ཟད། ད་དུང་གདོད་མིའི་སྐྱེས་དངོས་ཁོར་ཡུག་ལ་གཏོར་བཤིག་ཐེབས་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག “གཙང་གསུམ་མཉམ་བཞུར”གྱི་ལྗོངས་ཁུལ་དང་མི་རིགས་སྣ་ཚོགས་བར་མཉམ་དུ་གནས་པ། ཕན་ཚུན་འཆམ་མཐུན་ངང་དར་རྒྱལ་ཡོང་བའི་རྣམ་པ་མངོན་དུ་འགྱུར་བར་འབད་བརྩོན་བྱས།

2003ལོའི་ཟླ་7པར་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཡིག་ཐོག་སྙན་ཞུ་དེ་ལ་གྲུབ་འབྲས་ཐོབ་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་སོ་སོ་ཡིས་“གཙང་གསུམ་མཉམ་བཞུར”་འཛམ་གླིང་རང་བྱུང་ཤུལ་བཞག་ལ་ཤེས་རྟོགས་བྱེད་པ་དང་སྲུང་སྐྱོང་བྱེད་དུ་འཇུག་པའི་ཆེད་དུ། 2010ལོར། བདེ་ཆེན་ཁུལ་གྱིས་“གཙང་གསུམ་མཉམ་བཞུར”་དྲིལ་བསྒྲགས་སློབ་གསོ་བྱེད་པའི་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱས་པས། འདི་ནི་ཞིང་ཆེན་སྲིད་གཞུང་གིས་འབོར་ཐེངས་ལྔ་པའི་ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་སྤེལ་སློབ་གསོའི་རྟེན་གཞི་ཞིབ་བཤེར་གཏན་འབེབས་བྱས་པ་མ་ཟད།ད་དུང་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ལ་བརྗེ་རེས་དང་དྲིལ་བསྒྲགས་སློབ་གསོ་གཏོང་བའི་གལ་ཆེའི་རྟེན་གཞིར་གྱུར་ཡོད།ལོ་ངོ་བཅུ་ལྷག་གི་རིང་ལ། སྤྲོ་གསེང་གཏོང་མཁན་ཁྱོན་བསྡོམས་ཁྲི་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་སྣེ་ལེན་ཞུས་ཤིང་། འབྲིང་ཆུང་སློབ་མ་ལ་སྒོ་འབྱེད་དྲིལ་བསྒྲགས་ཐེངས་20ལྷག་བྱས་པ་དང་མི་གྲངས་4000ཙམ་ཟིན་པ། སྡེ་ཁག་སོ་སོའི་ལས་བྱེད་པ་ལ་དྲིལ་བསྒྲགས་ཐེངས་10དང་མི་གྲངས་1200ཟིན་པ། དྲིལ་བསྒྲགས་པར་དེབ་དང་ཤོག་བྱང་། ལི་ཐོ་བཅས་འབོར་གྲངས་50000དཔར་འགྲེམ་བྱས་པ། བདེ་ཆེན་ཁུལ་གྱིས་གློག་བརྙེན་དང་ཚགས་པར། ཁ་པར་བརྡ་འཕྲིན། བརྡ་གཏོང་གློག་ལམ་དྲ་བ་སོགས་ལ་ཁོར་ཡུག་སྲུང་སྐྱོང་ལས་ཀའི་དྲིལ་བསྒྲགས་བྱས་པར་བརྒྱུད་ནས། མི་དམངས་ཀྱི་ཁོར་ཡུག་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། མི་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་དང་བྱེད་ཀྱིན་ཡོད།

དོ་དམ་སྒྲིག་གཞི་དང་དོ་དམ་དཔུང་སྡེའི་འཛུགས་སྤེལ་ལ་ཤུགས་སྣོན་རྒྱག་པའི་རྨང་གཞི་སྟེང་དུ། བདེ་ཆེན་ཁུལ་གྱིས་ཚན་རིག་དང་མཐུན་པའི་ངང་འཆར་གཞི་བཀོད་པ་དང་གཅིག་གྱུར་གྱི་དོ་དམ། སྲུང་སྐྱོང་ནན་པོ།ཕུགས་ཡུན་དུ་བེད་སྤྱོད་བྱ་རྒྱུའི་ལས་ཀའི་བྱེད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས།གཏེར་ལས་དང་ཆུ་གློག་གསར་སྦོལ་དང་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་སྲུང་སྐྱོང་དོ་དམ་བར་ཀྱི་གནད་དོན་དེ་བཅའ་ཁྲིམས་ལྟར་ཐག་གཅོད་བྱས་ཏེ། “གཙང་གསུམ་མཉམ་བཞུར”འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དང་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་ཀྱི་སྲུང་སྐྱོང་དོ་དམ་ལས་ཀའི་སྤུས་ཚད་མཐོ་རུ་བཏང་བ་རེད།

ཡུན་ནན་ཞིང་ཆེན་ནུབ་བྱང་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འཆར་གཞི་ལག་བསྟད་གཏིང་ཟབ་བྱེད་པའི་ཆེད་དུ། བདེ་ཆེན་ཁུལ་གྱིས་དཀོན་པོ་རྩ་ཆེའི་རྩི་ཤིང་རིགས་ཀྱི་ཞིབ་འཇུག་སྲུང་སྐྱོང་རྟེན་གཞི་དང་སྐྱེས་དངོས་ཁོར་ཡུག་སླར་གསོའི་ལས་གཞི།སྐྱེས་དངོས་ལྟ་ཞིབ་ཚད་ལེན་མ་ལག་སོགས་ཀྱི་ཡིག་ཐོག་སྙན་ཞུར་བརྟེན་ནས། མཐོ་སྒང་གི་གདོད་སྐྱེས་སྔོ་ཁེབས་དང་། མཐོ་རིའི་རྩི་ཤིང་དང་མེ་ཏོག་གི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྩྭ་ཐང་སྲུང་སྐྱོང་དང་ཐང་རྒོད་འགོག་བཅོས་བྱེད་ཤུགས་དྲག་ཏུ་བཏང་བ།རྩྭ་ཐང་གི་སྐྱེས་དངོས་སྲུང་སྐྱོང་མ་ལག་བཙུགས་པ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཞིང་དོར་ནགས་སྤེལ། རྩྭ་ཐང་སྐྱེས་དངོས་སྲུང་སྐྱོང་། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་། རློན་ས་སྲུང་སྐྱོང་སོགས་ལས་ཀར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

ལོ་བཅུའི་རིང་ལ།བདེ་ཆེན་ཁུལ་གྱིས་ཁྲིམས་སྲོལ་འཛུགས་པ་དང་འཆར་གཞི་བཀོད་པ། སྒྲིག་གཞི་བསྐྲུན་པ། སྲུང་སྐྱོང་དོ་དམ་ཤུགས་ཆེར་གཏོང་བའི་ལས་དོན་གྱི་རིག་ལམ་ལ་བརྟེན་ནས།“གཙང་གསུམ་མཉམ་བཞུར”ས་ཁུལ་གྱི་མི་དམངས་ཀྱིས་རི་ལ་བརྟེན་ནས་འཚོ་བ་སྐྱེལ་ཞིང་རི་གསོ་བའི་སྲོལ་རྒྱུན་ཡོད་རྐྱེན།གདོད་པའི་མི་རིགས་རིག་གནས་དང་རང་བྱུང་ཁོར་ཡུག་ལ་སྲུང་འཛིན་ཡག་པོ་བྱས་པ་མ་ཟད། ད་དུང་མི་དང་རང་བྱུང་ཁམས་མཉམ་དུ་འཆམ་མཐུན་ངང་ཚོ་བའི་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱས་པ་རེད།(བློ་བཟང་ཕན་བདེས་བསྒྱུར།)
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།