非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ནགས་ཕག་མཚོ་སྲུང་སྐྱོབ་ས་ཁུལ་གྱིས་བརླན་སར་བཅོས་སྐྱོང་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-12-04 09:42:00   འབྱུང་ཁུངས།༇

  བརླན་སའི་སྐྱེས་དངོས་སྣ་མང་ཅན་དང་རིག་གནས་སྣ་མང་ཅན་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པ་དང་།གནས་སྐོར་ལས་རིགས་ཀྱི་གསར་འབྱེད་དང་སྲུང་སྐྱོབ་གཉིས་ཀའི་བར་གྱི་འགལ་བའི་གནད་དོན་ལུགས་མཐུན་དུ་ཐག་གཅོད་བྱེད་ཆེད།ཉེ་ཆར་ལོ་ཁ་ཤས་རིང་དུ།

  སེམས་ཀྱི་ཉི་ཟླ་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱིས་བརླན་སའི་སྲུང་སྐྱོབ་ལ་ཆེད་གཉེར་རྣམ་གྲངས་ཀྱི་བཅོས་སྐྱོང་ཧུར་ཐག་ཏུ་བྱེད་པ་རེད།དེའི་རིང་ལ།སྲུང་སྐྱོབ་ས་ཁུལ་གྱིས་ཁྲིམས་འཛིན་མི་སྣ་240གཏོང་བ་དང་།ཁྲིམས་འཛིན་རླངས་འཁོར་90མངག་པ།དྲིལ་བསྒྲགས་སྦྱར་ཡིག་127གཏོང་ཞིང་།ཞིང་དུད་3012ལ་དྲིལ་བསྒྲགས་སློབ་གསོ་བྱས་པ་དང་།ཉ་འཛིན་ཡོ་བྱད་121ལ་གཞུང་བཞེས་བཏང་བ་རེད།སྲུང་སྐྱོབ་ས་ཁུལ་དུ་སྐྱེ་དངོས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་རིགས་མང་པོ་ལ་ནུས་ལྡན་དུ་བཀག་སྡོམ་བྱས་པ་དང་།སྔ་ལོའི་དགུན་ཁ་དང་ད་ལོའི་དཔྱིད་ཀ་ནས་བཟུང་།ནགས་ཕག་མཚོར་དགུན་བརྒལ་བྱེད་པའི་བྱ་རིགས་ཇེ་མང་དུ་སོང་ཞིང་།འོན་ཀྱང་གནམ་གཤིས་ཡུན་རིང་དུ་སྐམ་ཞིང་གྲང་ངར་ཆེ་བས།སྲུང་སྐྱོབ་ས་ཁུལ་གྱི་ཆུ་གནས་མགྱོགས་མྱུར་དུ་མར་འབབ་པ་དང།བརླན་སའི་རྒྱ་ཁྱོན་རིམ་གྱིས་ཉུང་དུ་འགྲོ་སྟེ།དགུན་བརྒལ་བྱེད་པའི་བྱ་རིགས་ཀྱི་ལྟོ་འཚོལ་ས་ཇེ་ཉུང་དུ་སོང་བ་རེད།སྲུང་སྐྱོབ་ས་ཁུལ་གྱི་ལས་བྱེད་མི་སྣ་ཐམས་ཅད་ཀྱིས་དུས་ཆེན་དང་གུང་གསེང་།ངལ་གསོའི་ཉིན་མོ་བེད་སྤྱོད་བྱེད་དེ།སྲུང་སྐྱོབ་ས་ཁུལ་ལ་མ་རྨོས་ལོ་ཏོག་རྒྱ་མ་60000གཏོང་སྟེ།བྱ་རིགས་ཀྱི་ལྟོ་ཆས་ལ་ནུས་ལྡན་དུ་འགན་ལེན་བྱས་པ་རེད། (དབྱངས་ཅན་ལྷ་མོས་བསྒྱུར། )

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།