非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ངོ་མཚར་ཆེ་བའི་སྲོལ་རྒྱུན་མཛེས་རྩལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-12-20 10:08:51   འབྱུང་ཁུངས།༇

བདེ་ཆེན་ཁུལ་དུ་སྲོལ་རྒྱུན་མཛེས་རྩལ་གྱི་རྣམ་གྲངས་6ཡོད་དེ།ཁུལ་རིམ་པའི་རྣམ་གྲངས་5དང་།རྫོང་རིམ་པའི་རྣམ་གྲངས་1ཡོད།དེར་ཆོས་ལུགས་ཀྱི་རི་མོ་བཀོད་པ་དེ་གཙོ་བོར་བྱས་པས།བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པའི་ལྡེབས་རིས་དང་།ཐང་ག འཇང་རིགས་ཀྱི་སྟོན་པའི་རི་མོ་བཅས་ཡིན་པ་དང་།མི་རིགས་མཛེས་རྩལ་གྱི་ཁྱབ་ཚུལ་ལ་དབྱེ་ན་བོད་ཀྱི་རི་མོ་དང་འཇང་རིགས་ཀྱི་རི་མོ་བཅས་ཡོད་པ་རེད།

སྲོལ་རྒྱུན་མཛེས་རྩལ་གྱི་རྣམ་གྲངས་ལ་སྤྱི་ཡོངས་སུ་སྲུང་སྐྱོབ་ཀྱི་གནས་ཚུལ་བཟང་ཞིང་།དགོས་མཁོ་དང་ཉེར་སྤྱོད་ཀྱི་ཁྱབ་ཁོངས་ཆེ་བས།ཚོང་ལས་ཀྱི་བེད་སྤྱོད་དང་སྤྱི་ཚོགས་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་པ་རེད།སྲོལ་རྒྱུན་མཛེས་རྩལ་གྱི་ཁྲོད།འཇང་རིགས་ཀྱི་སྟོན་པའི་རི་མོའི་འབྱུང་གནས་ནི་སན་པ་ཤང་འབའ་སྡེ་གྲོང་སྡེ་ཡིན་ལ།སྟོན་པའི་འདྲ་གཟུགས་ཡི་གེ་ལ་རི་མོའི་ཡི་གེ་ཡང་ཟེར་ཏེ།ཕུན་སུམ་ཚོགས་པའི་སྟོན་པའི་རིག་གནས་ཡོངས་སུ་བསྟན་པས།བདེ་ཆེན་གྱི་སྲོལ་རྒྱུན་མཛེས་རྩལ་གྱི་མཚོན་བྱེད་རྣམ་གྲངས་ཞིག་ཡིན་ཞིང་།དེ་ལ་མཐོང་ཆེན་བྱེད་དགོས་པ་རེད།སེམས་ཀྱི་ཉི་ཟླའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྡེབས་རིས་ལ་ཆོས་ལུགས་ཀྱི་རི་མོ་དང་།འཇིག་རྟེན་པའི་རི་མོ་སོགས་ཡོད་པས་མཛེས་དཔྱད་ཀྱི་རིན་ཐང་ཆེ།བོད་ཀྱི་ལྡེབས་རིས་འབྲི་བཞེངས་བྱེད་སྐབས་གཏེར་ཁ་དང་རིན་པོ་ཆེ་སོགས་བཀོལ་ཡོད་པས།ཚོན་མདོག་རྣམ་པར་བཀྲ་ཞིང་རི་མོའི་བཟོ་བཀོད་དང་ཐིག་རིས་རབ་ཏུ་མཛེས།སྲོལ་རྒྱུན་མཛེས་རྩལ་ལ་ཆོས་ལུགས་དད་མོས་དང་དམངས་སྲོལ་རིག་གནས་ཀྱི་ནང་དོན་གཙོ་བོ་ཡིན་ཏེ།འཇོལ་རྫོང་སོགས་བོད་རིགས་ས་ཁུལ་གྱི་དགོན་པ་དང་།ལྷ་ཁང་།སྡོད་ཁང་།རྟ་ཟམ་སོགས་སུ་མཐོང་ཐུབ་པ་མ་ཟད།འཇོལ་རྫོང་གི་བོད་རིགས་མཛེས་འཆོས་ཚོན་རིས་ཀྱི་རྣམ་གྲངས་སུ།བོད་ཀྱི་རིག་གནས་དང་མི་རིགས་གཞན་གྱི་རིག་གནས་ཕན་ཚུན་མཉམ་འདྲེས་བྱེད་པ་དེ་ཡོངས་སུ་མཚོན་ཞིང་།པའེ་རིགས་དང་མཐའ་སྐོར་གྱི་གྲངས་ཉུང་མི་རིགས་ཀྱི་མཛེས་འཆོས་རྒྱུ་གཙོ་བོ་བསྡུ་ལེན་བྱས་ཏེ།ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་རེད།

དོ་སྣང་བྱེད་དགོས་པ་ནི།མིག་སྔར།སྲོལ་རྒྱུན་མཛེས་རྩལ་གྱི་རྣམ་གྲངས་ལ་དམངས་ཁྲོད་རི་མོའི་ནང་དོན་ཁོ་ན་གཏོགས་པས།སྲོལ་རྒྱུན་མཛེས་རྩལ་གྱི་རྣམ་གྲངས་དེ་མུ་མཐུད་དུ་འཚོལ་རྟོག་དང་གོང་མཐོར་གཏོང་དགོས་པ་རེད།དཔེར་ན།བོད་རིགས་ཀྱི་མ་ཎི་རྡོ་བརྐོས་དང་དར་ལྕོག་གི་པར་ཤིང་རྐོས་མ།དམངས་ཁྲོད་ཀྱི་འཚོ་བའི་ཉེར་སྤྱོད་མཛེས་རྩལ་སོགས་དང་།ད་དུང་དམངས་ཁྲོད་ལ་རྒྱ་ཁྱབ་ཏུ་གནས་པའི་མཛེས་རྩལ་གྱི་རྒྱུ་གཙོ་བོ་སྟེ།དཔེར་ན།བོད་རིགས་གོས་རྒྱན་གྱི་བཟོ་བཀོད་མཛེས་རྩལ་དང་།རྫ་ནག་གི་བརྐོས་རིས།ཁྱིམ་ཆས་ཀྱི་རི་མོ་བཅས་ལ།རིག་གནས་ཀྱི་མཛེས་དཔྱད་ཞིབ་འཇུག་དང་ཚོང་ལས་ཀྱི་དཔལ་འབྱོར་རིན་ཐང་གང་ཡིན་རུང་མངོན་མེད་ཀྱི་ནུས་ཤུགས་ཆེན་པོ་ལྡན་ཡོད །(དབྱངས་ཅན་ལྷ་མོས་བསྒྱུར། )

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།