非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་རིག་གནས་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་རིན་ཐང་དབྱེ་ཞིབ་བྱེད་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:16:57   འབྱུང་ཁུངས།༇
དང་པོ། ལོ་རྒྱུས་ཀྱི་རིན་ཐང་། དངོས་མིན་ཤུལ་བཞག་རིག་རྫས་ལ་གསོན་ཉམས་ལྡན་པའི་ལོ་རྒྱུས་ཞེས་འབོད་པ། བདེ་ཆེན་ཁུལ་གྱི་མི་རིགས26གིས་མཉམ་དུ་གཏོད་པའི་དངོས་མིན་ཤུལ་བཞག་རིག་རྫས་ཏེ་གེ་སར་དང་། བདེ་ཆེན་གྱི་སྐོར་བྲོ། བདེ་ཆེན་གྱི་རས་པ། བདེ་ཆེན་གྱི་པི་ཝང་། ཨ་ཁྲི་མོ་ཀྭ་གང་ཡིན་ཡང་། སོ་སོའི་རྩོམ་རིག་གི་ནང་དོན་དང་གླུ་གར་ཀྱི་མཚོན་སྟངས། སྐད་ཡིག་རྩོམ་རིག་གིས་སྟོན་པའི་ལོ་རྒྱུས་ཀྱི་ནང་དོན་ཚང་མ་ནི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་འགྱུར་ལྡོག་བྱུང་བའི་གནས་ཚུལ་གྱི་དངོས་བྲིས་དང་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཞིབ་འཇུག་བྱེད་པའི་བརྟེན་ས་གལ་ཆེན་ཡིན།
གཉིས་པ། ཚན་རིག་གི་རིན་ཐང་། དངོས་མིན་ཤུལ་བཞག་རིག་རྫས་ལ་སྤྱིར་བཏང་དུ་རིག་གནས་ཀྱི་ཁྱད་ཆོས་དང་ཤེས་བྱའི་ངོ་བོ་ངེས་ཅན་ཞིག་ལྡན་ཡོད། ཐང་ག་དང་། ལྡེབས་རིས། རྫ་ནག་པོ་སོགས་ཀྱི་བཟོ་རྩལ་ཚང་མ་ཚན་རིག་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ཡོད་ཅིང་། གཞན་ཡང་། བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་དུར་ཁྲོད་དུ་སྐྱེལ་བའི་དམངས་སྲོལ་དང་། བོད་རིགས་དང་འཇང་རིགས། དབྱིས་རིགས་སོགས་ས་གནས་དེའི་སྲོལ་རྒྱུན་གྱི་སྡོད་ཐབས་དང་ཁང་པའི་འཛུགས་སྐྲུན་རྣམ་པ་ལ་གནམ་ས་མི་འཆམ་མཐུན་གཅིག་བསྡུས་བྱེད་པའི་ཁོར་ཡུག་གི་འདུ་ཤེས་དང་འབྲེལ་བ་ཡོད་དེ། ཚན་རིག་གི་རང་བཞིན་ལྡན་པ། 
གསུམ་པ། རིག་གནས་ཀྱི་རིན་ཐང་། ཡུན་ནན་དང་། བོད་ལྗོངས། སི་ཁྲོན་གྱི་ས་མཚམས་སུ་གནས་པའི་བདེ་ཆེན་ཁུལ་གྱིས་སྟོན་པའི་སྣ་མང་ཕུན་སུམ་ཚོགས་པའི་དངོས་མིན་ཤུལ་བཞག་རིག་རྫས་ནི་མི་རིགས26གི་མང་ཚོགས་ཀྱིས་མཉམ་དུ་གཏོད་པ་ཡིན་ལ། མི་རིགས་སོ་སོའི་སྒྱུ་རྩལ་དང་རིག་གནས་མཉམ་དུ་འདྲེས་ནས། མི་རིགས་སོ་སོའི་ལྟེ་བའི་རིན་ཐང་འདུ་ཤེས་གཅིག་བསྡུས་ངང་བསྟན་ཡོད་པ་རེད།
བཞི་བ། སྤྱི་ཚོགས་ཀྱི་རིན་ཐང་། མི་རིགས་མང་པོའི་རིག་གནས་ཕན་ཚུན་ཟུང་འབྲེལ་དང་མཉམ་སྡོད་བྱས་ནས། མི་རིགས་སོ་སོས་འཆམ་མཐུན་མཉམ་སྡོད་དང་། རིག་གནས་ཕུན་ཚོགས་དར་རྒྱས། སྤྱི་ཚོགས་འཆམ་མཐུན་སྔོན་ཐོན་གྱི་གཞན་དང་མི་འདྲ་བའི་རིན་ཐང་བསྟན་ཡོད།
ལྔ་བ། དཔལ་འབྱོར་གྱི་རིན་ཐང་། བདེ་ཆེན་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་ལ་མི་རིགས་སྲོལ་རྒྱུན་གྱི་མཛེས་དཔྱད་དང་ཉེར་སྤྱོད་ཐུབ་པའི་རང་བཞིན་ལྡན་པ། དཔེར་ན་ལྕགས་ཀྱི་བཟོ་རྩལ་དང་། མི་རིགས་གྱོ ན་གོས་ཀྱི་བཟོ་རྩལ། ཆང་སྙོལ་བ། ཤིང་བརྐོས་བ། ཐང་ག་སོགས་ཀྱི་ལག་རྩལ་ཚང་མས་རྣམ་གྲངས་དེ་དག་གི་འཚོ་བའི་ཉེར་སྤྱོད་ཐུབ་པའི་རང་བཞིན་དང་ཚོང་ཟོག་གི་ཁྱད་ཆོས་མཚོན་ཡོད་པ་རེད།
དྲུག་པ། རིན་ཐང་ཕྱོགས་བསྡུས་ཀྱིས་བཤད་པ། བདེ་ཆེན་གྱི་མི་རིགས་མང་པོས་མཉམ་དུ་གཏོད་པའི་དངོས་མིན་ཤུལ་བཞག་རིག་རྫས་དེ་མི་རིགས་སོ་སོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔེ་གསོན་པོ་ཡིན་པ་མ་ཟད། ད་དུང་མི་རིགས་མང་པོས་ཕན་ཚུན་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་དུ་གོང་འཕེལ་ཐོབ་པའི་འཆམ་མཐུན་རིག་གནས་ཀྱི་དཔེ་སྟོན་ཡང་ཡིན། 
རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།