非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་གོང་འཕེལ་བྱུང་པའི་དུས་མཚུངས་སུ་རིག་གནས་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:05:12   འབྱུང་ཁུངས།༇

བདེ་ཆེན་ཁུལ་ནི“གཙང་གསུམ་མཉམ་བཞུར”འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བར་གནས་ཡོད། ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་ཁོ་ན་དེ་ཡིན། དེར་ཕུན་སུམ་ཚོགས་པའི་རིག་གནས་དང་རང་བྱུང་ཐོན་ཁུངས་མང་པོ་ཡོད་དེ། གངས་རི་དང་གྲོག་རོང་། རི་མཐོའི་རྩྭ་ཐང་། ཆོས་ལུགས། མི་རིགས་ཀྱི་ཉམས་འགྱུར་བཅས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླའི་སྐད་གྲགས་རིམ་བཞིན་ཇེ་ཆེར་གྱུར་བ་བརྒྱུད་ནས་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་མགྱོ གས་པོ་ངང་ནས་གོང་འཕེལ་བྱུང་ཡོད།
འོན་ཀྱང་ཡུལ་སྐོར་ལས་རིགས་གོང་འཕེལ་སོང་བ་དང་བསྟུན་ནས་མི་གྲངས་དང་། ཆ་འཕྲིན། ས་ཆ་གཞན་གྱི་རིག་གནས་མང་པོ་ཡང་བདེ་ཆེན་ཁུལ་དུ་ཐོན་ཡོད་པ། ད་དུང་ཡུལ་སྐོར་གྱི་དགོས་མཁོ་སྐོང་བའི་ཆེད་ས་གནས་དེར་ལུགས་དང་མི་མཐུན་པའི་ཐོན་སྐྱེས་དང་བེད་སྤྱོད་བཏང་ནས། བདེ་ཆེན་གྱི་མི་རིགས་མང་པོས་མཉམ་དུ་གཏོད་པའི་ལོ་རྒྱུས་རིང་ཞིང་སྲོལ་རྒྱུན་གཏིང་ཟབ་པོ་ཡོད་པའི་སྣ་མང་ཞིང་ཁྱད་ཆོས་ལྡན་པའི་རིག་གནས་སྐྱེ་ཁམས་ཁོར་ཡུག་མ་ལག་ལ་གནོད་པ་སྐྱེལ་བའི་ཉེན་ཁ་བྱུང་ཡོད།
  དེའི་ཕྱིར་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་ཤིང་ཡག་པོ་སྐྲུན་པ། ཚན་རིག་དང་མཐུན་པའི་ངང་འཆར་གཞི་འགོད་པ། དངོས་མིན་ཤུལ་བཞག་རིག་རྫས་ལྟེ་བར་འཛིན་པའི་རིག་གནས་སྐྱེ་ཁམས་ཀྱི་སྲུང་སྐྱོང་ཤུགས་ཆེར་བྱེད་པ། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྤྱི་ཡོངས་ཅན་གྱི་སྲུང་སྐྱོང་དང་རྒྱུན་འཛིན་གོང་འཕེལ་ལ་སྐུལ་འདེད་བྱེད་པ། རིག་གནས་སྐྱེ་ཁམས་མ་ལག་གི་དོ་མཉམ་དང་ཆ་ཚང་བ་འགན་སྲུང་བྱེད་དགོས་པ་དང་། ལུགས་མཐུན་གྱིས་དངོས་མིན་ཤུལ་བཞག་རིག་རྫས་བེད་སྤྱོད་གཏོང་བ་དང་ཡུལ་སྐོར་གྱི་བྱ་སྤྱོད་ཚན་ལྡན་ཅན་དུ་གཏོང་བ། ཡུལ་སྐོར་ལས་རིགས་ཀྱི་གོང་འཕེལ་དེ་ནན་ཏན་གྱིས་རིག་གནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་འཇོག་དགོས།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།