非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་དང་གོང་སྤེལ་གཏོང་བའི་སྤྱི་ཡོངས་ཀྱི་བསམ་ཕྱོགས།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 16:16:30   འབྱུང་ཁུངས།༇

དང་པོ། མི་རྩ་བར་འཛིན་པ།
   མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་བྱེད་པ། མང་ཚོགས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཁེ་དབང་ཡོད་ལ། མང་ཚོགས་ལ་བརྟེན་ནས་སྲུང་སྐྱོང་ལས་ཀ་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ལ་དོ་འཁུར་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་བ། དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་ཡག་པོ་བྱས་པ་བརྒྱུད་ནས་མིའི་རིག་གནས་ཀྱི་རང་རྟོགས་འདུ་ཤེས་མཐོ་རུ་གཏོང་བ། མིའི་རིག་གནས་ཀྱི་བྱང་ཚད་དང་དཔལ་ཡོན་ཆུ་ཚད་གོང་དུ་སྤེལ་ནས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ།
གཉིས་པ། རྒྱུན་འཛིན་དང་གོང་འཕེལ།
   ས་གནས་དེའི་རིག་གནས་ཀྱིས་མིའི་རིགས་ཀྱི་རིག་གནས་མུ་མཐུད་གོང་འཕེལ་འགྲོ་ཐུབ་པའི་བློ་གྲོས་དང་སྙིང་སྟོབས་འདོན་ཐུབ་པར་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ། ཕུལ་བྱུང་གི་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་སོ་སོ་དང་ས་གནས་ཁག་གི་རིག་གནས་ལ་བརྩི་འཇོག་བྱེད་ཅིང་རིག་གནས་སྤེལ་རེས་བྱེད་པ། ས་གནས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་དགོངས་དོན་སོགས་མཉམ་དུ་འདུས་པའི་ས་གནས་ཀྱི་རིག་གནས་གྲུབ་པ་བྱེད་དགོས།
གསུམ་པ། སྐྱེ་ཁམས་ལ་མཐོང་ཆེན་བྱེད་པ།
   རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གནས་པ་དང་། གོང་འཕེལ། སྐྱེ་ཁམས་སྲུང་སྐྱོང་སོགས་ལ་མཐོང་ཆེན་བྱེད་པ། རིག་གནས་ཤུལ་བཞག་གི་སྲུང་འཛིན་དང་རྒྱུན་འཁྱོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་སྐྲུན་པ།
བཞི་བ། གཅིག་གྱུར་གྱིས་འཆར་གཞི་འགོད་པ་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ།
  གོ་རིམ་ཁག་འབྱེད་དེ་ལག་བསྟར་བྱེད་པ་དང་གནད་ཁྱོན་ཟུང་འབྲེལ་བྱས་ནས་ཕན་འབྲས་བརྩོན་ལེན་བྱེད་དགོས། ས་ཁུལ་སོ་སོས་ཕན་ཚུན་མཉམ་ལས་བྱས་ནས་གཅིག་གྱུར་གྱིས་འཆར་གཞི་འགོད་པ། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཆར་གཞིའི་ནང་དུ་འཇོག་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་གྱི་འཆར་གཞིའི་ནང་དུ་ཡང་འཇོག་དགོས།
ལྔ་བ། མཉམ་དུ་སྲུང་སྐྱོང་བྱེད་པ།
  བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་དུས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཁྲིད་སྟོན་དུ་བྱེད་དེ། “གཙོ་བོ་སྲུང་སྐྱོང་བྱེད་པ་དང་། དུས་ཐོག་ཏུ་སྲུང་སྐྱོབ་བྱེད་པ། ལུགས་མཐུན་གྱིས་བེད་སྤྱོད་གཏོང་བ། རྒྱུན་འཛིན་དང་གོང་སྤེལ་གཏོང་བ”ཁྲིད་སྟོན་བྱེད་ཕྱོགས་དོན་དུ་འཁྱོལ་བ། སྲིད་གཞུང་གིས་རིག་གནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ནུས་ཤུགས་གཙོ་བོ་དང་འགོ་ཁྲིད་ཀྱི་ལས་འགན་འདོན་སྤེལ་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ལ་མཉམ་དུ་རིག་གནས་ཁོར་ཡུག་གི་སྲུང་སྐྱོང་དུ་ཞུགས་པའི་འོས་འགན་ཡོད། དུས་མཚུངས་སུ་ཁྲིམས་ལྟར་སྲུང་སྐྱོང་དང་སྲིད་ཇུས་ཀྱིས་འགན་སྲུང་ཟུང་འབྲེལ་བྱེད་པ་དང་། སྲིད་གཞུང་གིས་སྲུང་སྐྱོང་དང་དམངས་ཁྲོད་སྲུང་སྐྱོང་ཟུང་འབྲེལ་བྱེད་པ། ནོར་སྲིད་ཀྱིས་དངུལ་འཇོག་དང་སྤྱི་ཚོགས་དངུལ་བསྡུ་ཟུང་འབྲེལ་བྱེད་པ་སོགས་སྲུང་སྐྱོང་བྱ་ཐབས་མང་པོ་སྤྱོད་དགོས།
 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།