非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་གནས་ཚུལ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 10:27:07   འབྱུང་ཁུངས།༇

    བདེ་ཆེན་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་ཁོ་ན་ཡིན། གངས་རི་དང་། གྲོག་རོང་། རི་མཐོ། རྩྭ་ཐང་། ཆོས་ལུགས། མི་རིགས་རིག་གནས་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཐོན་ཁུངས་ཡོད་ལ། རིག་གནས་སྣ་མང་ཞིང་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པ། ཆོས་ལུགས་མང་པོ་མཉམ་དུ་འདུས་པ་དང་མི་རིགས་མང་པོ་མཉམ་འབྲེལ་བྱེད་པའི་རིག་གནས་ཁྱད་ཆོས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་སྡོད་ཀྱི་ངང་ཚུལ་ཞིག་མཚོན་ཡོད་པ་རེད།
 2010ལོའི་ཟླ11པའི་ཚེས15ཉིན། རིག་གནས་པུའུ་ཡིས“བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ”འཛུགས་པའི་ཆོག་མཆན་བཀོད་པ། 2012ལོའི་ཟླ7པའི་ཚེས27ཉིན《བདེ་ཆེན་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱི་ཡོངས་ཀྱི་འཆར་གཞི》ཞིང་ཆེན་རིམ་པའི་ཆེད་མཁས་པས་ཁས་བླངས་པ། ལོ་དེའི་ཟླ11པའི་ཚེས2ཉིན་རིག་གནས་པུའུ་ཆེད་མཁས་པའི་རིགས་པ་སྒྲུབ་པའི་གྲོས་ཚོགས་ཐོག་ཁས་བླངས་པ། འདི་ནི་རྒྱལ་ཡོངས་ཀྱི་ཨང་བཞི་པ་དང་ཡུན་ནན་ཞིང་ཆེན་དུ་ཐོག་མར་ལག་བསྟར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་སྤྱི་ཡོངས་ཀྱི་འཆར་གཞི་ཡིན་པ་རེད།
    བདེ་ཆེན་ཁུལ་གྱི་མངའ་ཁོངས་ཡོངས་ཏེ་ཤང་གྲོང29དང་སྲིད་འཛིན་གྲོང་སྡེ188ཚང་མ་བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནང་དུ་གཏོགས་པ། སྲུང་སྐྱོང་བྱེད་ཡུལ་ལ་བོད་རིགས་དང་། ལི་སུའུ་རིགས། འཇང་རིགས་སོགས་མི་རིགས13གྱི་མི་རིགས་རིག་གནས་ཡོད།
 གཅིག བདེ་ཆེན་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཛུགས་པ། གཉིས། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ། གསུམ། བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རིག་གནས་རྒྱུན་མཐུད་ངང་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ།
 “བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ”གྱི་སྲུང་སྐྱོང་བྱེད་ཡུལ་ནི། རིམ་པ་ཁག་གི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་མིང་ཐོ་རུ་འཇོག་ཡོད་པའི་རྣམ་གྲངས་དང་རིམ་པ་ཁག་གི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་ཀྱི་འཐུས་ཚབ་ཅན་གྱི་རྒྱུན་འཛིན་མི་སྣ། དངོས་མིན་ཤུལ་བཞག་རིག་རྫས་དང་འབྲེལ་བ་དམ་པོ་ལྡན་པའི་དངོས་རྫས་དང་། རིག་གནས་བྱེད་སྒོ་སྤེལ་ས། རང་བྱུང་ཁོར་ཡུག་བཅས་ཡིན་པ་རེད།(སྒྲོལ་མ་ལྷ་མཚོས་བསྒྱུར།)

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།