非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་གྱི་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་ལས་ཀའི་སྒྲུབ་ཐབས་དང་ནང་དོན་གཙོ་བོ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-07 10:30:24   འབྱུང་ཁུངས།༇

དངོས་མིན་ཤུལ་བཞག་རིག་རྫས་ཀྱི་མྱུར་སྐྱོབ་དང་སྲུང་སྐྱོང་ནི་དུས་ཐུང་ཐུང་ཞིག་ཏུ་སྒྲུབ་ཐུབ་པའི་ལས་ཀ་མ་ཡིན་ལ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་ཅིང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་རིག་གནས་མ་ལག་གི་ལས་དོན་ཆེན་པོ་ཞིག་ཡིན་པ་རེད། དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་ནི་སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུའི་འགན་ནུས་སྒྲུབ་པའི་མཚོན་བྱེད་ཡིན་པ་དང་། སྤྱི་ཚོགས་སྤྱི་ཕན་རིག་གནས་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡང་ཡིན། ཚན་རིག་དང་མཐུན་ཞིང་ནུས་པ་ལྡན་པའི་རྣམ་པ་དང་བྱ་ཐབས་སྤྱད་དེ་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། སྲུང་སྐྱོང་ལས་ཀའི་ནང་དོན་གཙོ་བོ་ལ་གཤམ་གྱི་ཕྱོགས་འགའ་ཡོད་དེ།
 ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ། རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དངོས་མིན་ཤུལ་བཞག་རིག་རྫས་སྲུང་སྐྱོང་སྲོལ་ཡིག་གི་ས་གནས་ཁྲིམས་སྲོལ་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིམ་པ་ཁག་གི་སྲུང་སྐྱོང་ལས་ཀར་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པར་བྱེད་དགོས།
 ཁྲིམས་ལྟར་རིམ་པ་ཁག་གི་སྲིད་འཛིན་དོ་དམ་ལས་ཁུངས་བཙུགས་ཏེ། དོ་དམ་གྱི་ནུས་ཤུགས་ཇེ་ཆེར་བཏང་ནས། སྲུང་སྐྱོང་གཞི་འཛིན་སར་བྱེད་པ་ལ་ལུགས་མཐུན་གྱིས་བེད་སྤྱོད་གཏོང་བ། ཆེད་སྤྱོད་དངུལ་རྩ་འཛུགས་པ་དང་ལག་ལེན་དུ་འཁྱོལ་ཐུབ་ངེས་པའི་སྲིད་ཇུས་འདོན་དགོས། ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་མཐོང་ཆེན་བྱེད་པ་དང་དྲིལ་བསྒྲགས་སློབ་གསོ་བྱས་ནས་དམངས་ཡོངས་ཀྱི་སྲུང་སྐྱོང་འདུ་ཤེས་མཐོ་རུ་གཏོང་དགོས།
 སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་དུས། གོ་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཕྱོགས་ཡོངས་སུ་ཞིབ་བཤེར་བྱས་ནས་དངོས་མིན་ཤུལ་བཞག་གི་གྲོས་བསྡུར་དང་གཏན་འཁེལ་ལས་ཀ་ཤུགས་ཆེར་གཏོང་བ། རིག་གནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཅིང་། གྲོང་གསེབ་གཙོ་བོར་འཛིན་ནས་བདེ་ཆེན་ཁུལ་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲུང་སྐྱོང་རྒྱུན་འཛིན་མ་ལག་འཛུགས་པ་དང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་དང་མིང་ཐོ་མིང་བརྡའི་ཁྲིམས་མཐུན་བེད་སྤྱོད་སྒྲིག་ལམ་འཛུགས་ནས། རིག་གནས་ཀྱི་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་དགོས།(སྒྲོལ་མ་ལྷ་མཚོས་བསྒྱུར།)

རྩོམ་སྒྲིག་པ།:万玛措
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།