非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་ཁུལ་གྱིས་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ28ཞིང་ཆེན་རིམ་པའི་ཞིབ་དཔྱད་དུ་བདམས་སྐྱེལ་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-04-17 10:29:55   འབྱུང་ཁུངས།༇

 ཉེ་ཆར།བདེ་ཆེན་ཁུལ་གྱིས་སྐོར་ཐེངས་བཞི་པའི་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རྒྱུན་འཛིན་པའི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་ཀ་སྒྲུབ་འགོ་བརྩམས་པ།རྒྱུན་འཛིན་པ28ལ་ཁུལ་རིམ་པའི་ཞིབ་དཔྱད་ཐོག་མོས་མཐུན་བྱུང་རྗེས་ཞིང་ཆེན་རིམ་པར་བདམས་སྐྱེལ་བྱས་པ་རེད།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》དང་།《ཡུན་ནན་ཞིང་ཆེན་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྲོལ་ཡིག》《ཡུན་ནན་ཞིང་ཆེན་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རྒྱུན་འཛིན་པའི་ངོས་འཛིན་དང་དོ་དམ་བྱ་ཐབས》དང་ཞིང་ཆེན་རིག་གནས་ཐིང་གི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།རང་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་ཇེ་དྲག་ཏུ་གཏོང་ཆེད།ཟླ3པའི་ཚེས22ཉིན་ནས་ཚེས31ཉིན་བར།རང་ཁུལ་གྱིས་ཐོག་མའི་ཞུ་དག་དང་།ཁུལ་རིམ་པའི་ཆེད་ལས་མཁས་པའི་ཞིབ་དཔྱད་དང་ངོ་སྤྲོད་གྲོས་ཚོགས་འཚོགས་པ་རེད།

        རང་ཉིད་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་།ཡུལ་དངོས་སུ་བཅར་འདྲི་དང་བརྟག་དཔྱད་བྱས་པ།འབྲེལ་ཡོད་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་བརྒྱུདནས།རང་ཁུལ་གྱིས་ཡིག་ཐོག་སྙན་ཞུའི་མིང་ཐོ་གཏན་འཁེལ་བྱས་ཤིང་།འབྲེལ་ཡོད་ཡིག་ཆར་གཞིགས་ནས་ལེགས་འདེམས་ཞིབ་ཕྲ་བྱས་པ་དང་།གཙོ་གནད་ངོ་སྤྲོད་བྱས་པའི་གོ་རིམ་བརྒྱུད་དེ།རང་ཁུལ་གྱིས་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་མི4དང་།སེམས་ཀྱི་ཉི་ཟླ་རྫོང་གིས་མི8 ཡིག་ཐོག་སྙན་ཞུ་ཕུལ་བ།  འབའ་ལུང་རྫོང་གིས་མི9 ཡིག་ཐོག་སྙན་ཞུ་ཕུལ་བ།  འཇོལ་རྫོང་གིས་མི7 ཡིག་ཐོག་སྙན་ཞུ་ཕུལ་བ་རེད།དེའི་ཁྲོད་དུ་དམངས་སྲོལ་རིགས་ཀྱི་མི5དང་།སྲོལ་རྒྱུན་རོལ་མོ་རིགས་ཀྱི་མི2  སྲོལ་རྒྱུན་བྲོ་གར་རིགས་ ཀྱི་མི13 སྲོལ་རྒྱུན་གཞས་གཏམ་སྒྱུ་རྩལ་རིགས་ཀྱི་མི1   སྲོལ་རྒྱུན་ཟློས་གར་རིགས་ཀྱི་མི2  སྲོལ་རྒྱུན་ལག་རྩལ་རིགས་ཀྱི་མི3   སྲོལ་རྒྱུན་བོད་སྨན་རིགས་ཀྱི་མི2བཅས་ཡོད་ལ།  ཆེད་ལས་མཁས་པ་ཚོ་ཆུང་གིས་གྲོས་བསྡུར་དང་ཞིབ་དཔྱད་ནན་མོ་བྱས་ཏེ།མཐའ་མར་ལག་རྩལ་ཕུལ་དུ་བྱུང་ཞིང་སྤྱི་ཚོགས་ལ་ཕན་འབྲས་ཡོད་པ་དང་།ཁྱད་པར་དུ་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་བྱེད་པར་གལ་ཆེན་གྱི་ཕན་ནུས་འདོན་པའི་རྣམ་གྲངས་རྒྱུན་འཛིན་པ28ལ་ཁུལ་རིམ་པའི་ཞིབ་དཔྱད་ཐོག་གྲོས་འཆམ་བྱུང་སྟེ་ཞིང་ཆེན་རིམ་པར་ཡིག་ཐོག་སྙན་ཞུ་ཕུལ་བ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།