非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་བ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-02-27 15:14:05   འབྱུང་ཁུངས།༇

 2013ལོར།རང་ཁུལ་གྱི་ཡིག་ཐོག་སྙན་ཞུའི་འབོར་ཐེངས་གསུམ་པའི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་རྣམ་གྲངས་ལས་ཀའི་ཞིང་ཆེན་རིམ་པའི་ཡིག་ཐོག་སྙན་ཞུར་གྲོས་འཆམ་བྱུང་ཚད་མཐོ་ཞིང་གྲོས་འཆམ་བྱུང་བའི་འབོར་གྲངས་ཀྱི་ཆེས་མཐོའི་དམིགས་ཡུལ་དེ་མངོན་འགྱུར་བྱུང་ཡོད་དེ།རྣམ་གྲངས་ཁག་11ལ་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཐོག་གྲོས་འཆམ་བྱུང་བས།བདེ་ཆེན་ཁུལ་གྱི་ཞིང་ཆེན་རིམ་པའི་མིང་ཐོའི་རྣམ་གྲངས་དེ་ཁག་10ནས་འཕར་ཏེ་ཁག་21ལ་ཟིན་ཡོད་སྟབས།ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཁུལ་རིག་གནས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་ཁུལ་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ལས་བྱེད་པས་ཐུན་མོང་ནས་འབད་བརྩོན་བྱས་འོག་ན་ནིང་རང་ཁུལ་གྱིས་ཡིག་ཐོག་སྙན་ཞུའི་རྣམ་གྲངས་13་གྱི་ནང་ལས།བདེ་ཆེན་གྱི་རས་པ་དང་བོད་རིགས་ཀྱི་ནས་ཆང་བསྙལ་བའི་སྲོལ་རྒྱུན་ལག་རྩལ་སོགས་རྣམ་གྲངས་ཁག་11ལ་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཆེད་མཁས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་ཐོག་གྲོས་འཆམ་བྱུང་བས།ཡུན་ནན་ཞིང་ཆེན་གྱི་འབོར་ཐེངས་གསུམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཡིན་པའི་ཡོངས་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།བོད་རིགས་ཀྱི་བྲོ་དང་ལི་སུའུ་རིགས་ཀྱི་ཨ་ཁྲི་མོ་ཀྭ་ཞེས་པའི་བྲོ།སྟོན་པའི་ཤོག་བུའི་བཟོ་རྩལ།གེ་སར་རྒྱལ་པོའི་སྒྲུང་སོགས་ནི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་ཐོར་བཀོད་ཡོད།2013ལོའི་ཟླ་11པར།བདེ་ཆེན་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱལ་ཁབ་དང་ཞིང་ཆེན།ཁུལ་དང་རྫོང་བཅས་རིམ་པ་བཞིའི་སྲུང་སྐྱོང་མིང་ཐོའི་ནང་ལས།རྒྱལ་ཁབ་རིམ་པར་ཁག་6ཡོད་པ་དང་ཞིང་ཆེན་རིམ་པར་ཁག་21ཡོད་ལ།ཁུལ་རིམ་པར་ཁག་96ཡོད་པ།རྫོང་རིམ་པར་ཁག་21ཡོད་ཅིང་།རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་མི་6དང་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་མི་35  ཁུལ་རིམ་པའི་རྒྱུན་འཛིན་པ་མི་56   རྫོང་རིམ་པའི་རྒྱུན་འཛིན་པ་མི་147བཅས་ཡོད།

མིག་སྔར།རང་ཁུལ་གྱིས་བདེ་ཆེན་གྱི་རས་པ་དང་འཇོལ་པའི་བོད་རིགས་ཀྱི་གནས་རི་མཆོད་པ།སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་འགྲན་བསྡུར་སོགས་རྣམ་གྲངས་གསུམ་གྱི་སྙན་ཞུའི་ཡིག་དེབ་ཀྱི་རྩོམ་འབྲིའི་ལས་འགན་སྒྲུབ་ཚར་བས།ད་ལྟ་འབོར་ཐེངས་བཞི་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུའི་ལས་ཀ་སྒྲུབ་་བཞིན་ཡོད།

(བསོད་ནམས་ཀྱིས་བསྒྱུར།)

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།