非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བོད་ལྗོངས་འབྲི་གཡག་རིག་དངོས་བཤམས་སྟོན་ཁང་སྒོ་དབྱེ་གྲབས་ཡོད་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-05-08 10:31:45   འབྱུང་ཁུངས།༇ཤིན་ཧྭ་དྲ་བ།

 

བོད་ལྗོངས་འབྲི་གཡག་རིག་དངོས་བཤམས་སྟོན་ཁང་།

  བོད་ལྗོངས་འབྲི་གཡག་རིག་དངོས་བཤམས་སྟོན་ཁང་ནི་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་ཀྱི་གྲས་ཞིག་ཡིན་པ་དང་། ལྷ་ས་གྲོང་ཁྱེར་སྣེའུ་གྲོང་གསར་ཁུལ་དུ་གནས་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༨༠༠༠ལྷག་ཡོད་པ་དང་། རང་རྒྱལ་གྱི་འབྲི་གཡག་དང་འབྲི་གཡག་གི་རིག་གནས་བརྗོད་བྱ་གཙོ་བོ་བྱས་པའི་རིག་དངོས་བཤམས་སྟོན་ཁང་གཅིག་པུ་དེ་ཡིན་པ་རེད། བོད་ལྗོངས་འབྲི་གཡག་རིག་དངོས་བཤམས་སྟོན་ཁང་གིས་རང་བྱུང་དང་ཚན་རིག་གི་འབྲི་གཡག ལོ་རྒྱུས་དང་མིའི་རིག་གནས་ཀྱི་འབྲི་གཡག  འདུ་ཤེས་དང་སྒྱུ་རྩལ་གྱི་འབྲིག་གཡག་བཅས་ཕྱོགས་གསུམ་གྱི་ཐོག་ནས་འབྲི་གཡག་གི་འབྱུང་ཁོངས་དང་འདུལ་གསོ་ངོ་སྤྲོད་བྱེད་རྒྱུ་ཡིན་ལ། འབྲི་གཡག་དང་བོད་རིགས་མི་དམངས་རྣམས་ཀྱིས་མཉམ་དུ་གསར་གཏོད་བྱས་པའི་བོད་ཀྱི་རིག་གནས་དེ་བཞིན་སྒྱུ་རྩལ་བརྩམས་ཆོས་ནང་གི་འབྲི་གཡག་གི་རིག་གནས་ངོ་སྤྲོད་ཞིབ་ཚགས་བྱེད་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར། རིག་དངོས་བཤམས་སྟོན་ཁང་དེ་སྔོན་རྩིས་ལྟར་ན༢༠༡༤ལོའི་སྤྱི་ཟླ༥པའི་ཚེས༡༨འཛམ་གླིང་རིག་དངོས་བཤམས་སྟོན་ཉིན་མོར་སྒོ་དབྱེ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།