非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
“བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་ས་རྒྱུད་ནར་རིང་ཆེད་མཁས་ཚོ་ཆུང་རང་ཁུལ་དུ་ཕེབས་ནས་བརྟག་དཔྱད་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-09-29 11:47:52   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཚེས་22ཉིན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་དཔོན་རིགས་ཝང་ཧྲིང་མིང་གིས་ཀྲུང་གོའི་རིག་གནས་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ཆེད་མཁས་ཨུ་ཡོན་ལྷན་ཁང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཡ་གླིང་དང་ཞི་བདེ་རྒྱལ་མཚོའི་ས་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་སོགས་ཆེད་མཁས་ནས་གྲུབ་པའི་“བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་ས་རྒྱུད་ནར་རིང་ཆེད་མཁས་ཚོ་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་བྱས་པ་རེད།

        བར་སྐབས་སུ།ཆེད་མཁས་ཚོ་ཆུང་གིས་སྔ་རྗེས་སུ་སུམ་རྩེན་གླིང་དང་བོད་སྨན་རིགས་དངོས་མང་བཤམས་སྟོན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དང་།དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་།ཁུལ་དངོས་མང་བཤམས་སྟོན་ཁང་བཅས་སུ་བརྟག་ཞིབ་བྱས་པ་རེད།

        ཉིན་དེའི་ཕྱི་དྲོར་བསྡུས་པའི་བཞུགས་མོལ་ཚོགས་འདུའི་ཐོག    ཆེད་མཁས་ཚོ་ཆུང་གིས་རང་ཁུལ་གྱི་བོད་སྨན་རིགས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་།བོད་སྨན་རིགས་དངོས་མང་བཤམས་སྟོན་ཁང་རྣམ་གྲངས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ཉན་ཞིང་།བདེ་ཆེན་གྱི་དངོས་ཡོད་དང་བསྟུན་ནས་དངོས་མིན་རིག་གནས་ཤུལ་བཞག་གི་ཡིག་ཐོག་སྙན་ཞུ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་དང་བོད་སྨན་རིགས་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་སོགས་ཐད་ཀྱི་ནང་དོན་ལ་གྲོས་མོལ་བྱས།

        ཆེད་མཁས་ཚོ་ཆུང་གིས་བདེ་ཆེན་ནས་འདང་ངེས་ཀྱིས་དངོས་ཡོད་དང་ཟུང་འབྲེལ་བྱེད་དགོས་པ་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་ཉམས་མྱོང་དང་བྱ་ཐབས་ཡག་པོ་ལ་དཔེ་བལྟས་ནས་ལས་སྟེགས་བཟོ་བ།སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལ་བརྟེན་ནས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་དེ་བས་མང་བའི་ཁེ་ལས་བདེ་ཆེན་དུ་སྡོད་པར་ནང་འགུག་བྱེད་དགོས།དངོས་མིན་རིག་གནས་ཤུལ་བཤག་གི་ཡིག་ཐོག་སྙན་ཞུའི་སྐབས་སུ་ས་གནས་ཀྱི་ཁྱད་ཆོས་འབུར་ཐོན་པར་བྱེད་པ་དང་ནང་དོན་མཐོར་འདེགས་ཀྱི་ཐད་ལ་ཤུགས་འཇོག་དགོས།རང་ཉིད་ཀྱི་ལག་རྩལ་དང་ཆུ་ཚད་མཐོར་འདེགས་གཏོང་བར་འབད་བརྩོན་བྱེད་དགོས།བོད་སྨན་རིགས་དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་ཐད་ལ་ཁྱད་ཆོས་མཚོན་པར་བྱེད་དགོས་པ་དང་གནས་ཐིག་གཏན་འཁེལ་ཡང་དག་བྱེད་པ།ཞིབ་འཇུག་ཚགས་ནན་དང་སྔོན་ཚོད་ནས་འཆར་འགོད་བྱེད་དགོས་ཤིང་།སྲིད་ཇུས་དང་མ་དངུལ་བརྩོན་ལེན་སོགས་བྱས་ནས་མུ་མཐུད་དུ་བོད་སྨན་རིགས་ཐོན་ལས་ཆེ་རུ་བསྐྱེད་བར་བརྟེན་ནས་དེ་མིན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས།ཕུགས་ཡུན་ལ་དམིགས་ནས་གདོད་མའི་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་བྱས་ཏེ།གཞི་རྩའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་།སྨན་རིགས་དང་ལུས་ཁམས་བདེ་སྲུང་སོགས་ཐོན་ལས་ཀྱི་འཕེལ་རྒྱས་གཏོང་བར་བསྟུན་ནས་འཕེལ་རྒྱས་ཀྱི་བར་གསེང་རྒྱ་སྐྱེད་གཏོང་དགོས།སྲོལ་རྒྱུན་སྨན་བཟོའི་ལག་རྩལ་གྱི་རྒྱུན་འཛིན་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་བྱེད་རྒྱུར་དོ་སྣང་བྱས་པར་བརྒྱུད་ནས།བོད་སྨན་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དངོས་འགྱུར་ཡོང་རྒྱུར་དོ་སྣང་བྱེད་དགོས།

       ཤེས་རྟོགས་བྱུང་བར་གཞིགས་ན།“བོད་ཆའང་དབྱིས་གསུམ་གྱི་རིག་གནས་ཐོན་ལས་ས་རྒྱུད་ནར་རིང”ཞེས་པ་དེ་སི་ཁྲོན་དང་བོད་ལྗོངས།ཀན་སུའུ།མཚོ་སྔོན།ཡུན་ནན།ཧྲན་ཞིའི་འབྲེལ་མཚམས་ཀྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།སི་ཁྲོན་ཞིང་ཆེན་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།བོད་ལྗོངས་ཀྱི་ས་ཁུལ་འགའ་བཅས་དང་།རྒྱལ་ཁབ་ཀྱིས་མིང་བཏགས་པའི་མཚོ་སྔོན་“རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ”དང་ཧྲན་ཞི་དང་སི་ཁྲོན་གྱི“ཆའང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ”བཅས་ཞིང་ཆེན (ལྗོངས) 6དང་།རང་སྐྱོང་ཁུལ་7དང་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་2ལ།སྐུལ་ཁྲིད་དང་དཔེ་སྟོན་ཕན་ནུས་ལྡན་པའི་རིག་གནས་ཐོན་ལས་རྣམ་གྲངས་ལག་བསྟར་བྱེད་རྒྱུ་ཡིན་ཞིང་།མི་རིགས་རིག་གནས་ཀྱི་གནས་བབ་ཡག་པོ་དེ་དཔལ་འབྱོར་གྱི་གནས་བབ་ཡག་པོར་བསྒྱུར་ཏེ།མི་རིགས་རིག་གནས་མགྱོ གས་པོར་འཕེལ་རྒྱས་གཏོང་བ་དང་མི་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་བ།ས་ཁོངས་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ་རེད།

        ཁུལ་དཔོན་གཞོན་པ་སུང་ཐའོ་ཡིས་བརྟག་ཞིབ་ཐོག་ཕེབས་རོགས་ཞུས་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།