非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
རང་ཁུལ་གྱིས་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་རྫས་སྲུང་སྐྱོང་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་19གསར་སྣོན་རྒྱག་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-11-06 09:21:31   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་སྔོན། ཡུན་ནན་ཞིང་ཆེན་རིག་གནས་ཐིང་གིས་《འབོར་ཚོ་ལྔ་པའི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་》དངོས་སུ་ཁྱབ་བསྒྲགས་གཏོང་བ། རང་ཁུལ་ལ་ཁྱོན་བསྡོམས་ཧོ་ཞུའེ་ཁྲེན་དང་ཆོས་འཛོམས་སོགས་མི་སྣ་19བདམས་ཐོན་བྱུང་བ། མིག་སྔར། བདེ་ཆེན་ཁུལ་གྱི་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་ནི་སྔོན་མའི་མི་36ནས་མི་55རུ་འཕར་ཡོད།
ཡུན་ནན་ཞིང་ཆེན་རིག་གནས་ཐིང་གིས་དངོས་སུ་ཁྱབ་བསྒྲགས་གཏོང་བའི་དངོས་མིན་སྲུང་སྐྱོང་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་བདམས་ཐོན་བྱུང་བའི་མིང་ཐོའི་ཁྲོད་དུ། རང་ཁུལ་ལ་ཁྱོན་བསྡོམས་སྲོལ་རྒྱུན་གྱི་རོལ་དབྱངས་དང་སྲོལ་རྒྱུན་གྱི་ཞབས་བྲོ། སྲོལ་རྒྱུན་གྱི་ཟློས་གར། སྲོལ་རྒྱུན་གྱི་པར་རིས། སྲོལ་རྒྱུན་གྱི་ལག་རྩལ། སྲོལ་རྒྱུན་གྱི་སྨན་རིགས། དམངས་སྲོལ་སོགས་སྣ་རིགས་7གྱི་རྒྱུན་འཛིན་པ་19བདམས་ཐོན་བྱུང་བ། དེའི་ནང་“བདེ་ཆེན་རས་པ”ཞེས་པའི་ཅིན་ཅང་རས་པའི་རྒྱུན་འཛིན་པ་ཧོ་ཞུའེ་ཁྲེན་དང་། ཝུའུ་ཅིན་ལི་སུའུ་རིགས་ཀྱི་རས་པའི་རྒྱུན་འཛིན་པ་སན་པའོ། མཐའ་ཆུ་ཞིང་མཆོག་རས་པའི་རྒྱུན་འཛིན་པ་ཡུན་ཀྲང་། “ཝ་ཆི་ཆི”ཞེས་པའི་རྒྱུན་འཛིན་པ་ཡུས་ཁྲུན་ཧྭ་དང་ཡུས་ཡུང་ཧྭ།“ཨ་ཁ་པ་ལ”ཞེས་པའི་རྒྱུན་འཛིན་པ་ཧོ་ཧྲན་ཧྥང་དང་། ཧོ་ཏེ་མིང་། “བོད་གཞས”ཀྱི་རྒྱུན་འཛིན་པ་ཆོས་འཛོམས་བཅས་མི་8ཡོད། དེ་ལས་གཞན་གྱི་སྣ་རིགས་6གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་11སོ་སོ་ནི་“གེ་སར་”ལོ་རྒྱུས་མཚོན་པའི་སྙན་ངག་རྒྱུན་འཛིན་པ་ཨ་ཉིའུ་དང་། “ཨ་ལེ་གནའ་གླུ”ཞེས་པའི་རྒྱུན་འཛིན་པ་མུའུ་ཧྥང་ཁྲུན་དང་། མུའུ་ཞན། ཟློས་གར་གྱི་རྒྱུན་འཛིན་པ་དབྱང་ཧྲུའུ་ཀྲེན་དང་ཀྲའོ་ཧྲོའུ་ཀྲེན། “ཆང་སྙོལ་བའི་ལག་རྩལ(ནས་ཆང་)”ཀྱི་རྒྱུན་འཛིན་པ་ཝང་པིང་ཝུན།“ཤིང་ཕོར་བཟོ་པའི་ལག་རྩལ”གྱི་རྒྱུན་འཛིན་པ་བློ་བཟང་སྒྲོལ་མ། “བོད་སྨན་རིགས་(རུས་ནད་སྨན་བཅོས་བྱ་ཐབས་)”ཀྱི་རྒྱུན་འཛིན་པ་ཨ་སྐལ། “ཁ་བ་དཀར་པོའི་མཆོད་འབུལ་” གྱི་རྒྱུན་འཛིན་པ་བསོད་ནམས་འཕེལ་ཚོགས། “བོད་རིགས་གོས་ཆས་བཟོ་པའི་ལག་རྩལ” གྱི་རྒྱུན་འཛིན་པ་ལི་ཆིན་དང་ནཱ་ཧྲིན་བཅས་རེད།
ཉེ་བའི་ལོ་འགའི་རིང་། ཁུལ་དང་རྫོང་གི་རིམ་པ་སོ་སོའི་རིག་གནས་གཙོ་གཉེར་སྡེ་ཁག་གིས་དངོས་མིན་རིག་གནས་ཤུལ་རྫས་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་སྲུང་སྐྱོང་དང་དོ་དམ་ལས་ཀར་ཤུགས་བསྣན་ཏེ། རང་ཁུལ་གྱི་དངོས་མིན་རིག་གནས་ཤུལ་རྫས་ལ་ནུས་པ་ཐོན་པའི་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཐུབ་པ་རེད། ཞིང་ཆེན་རིག་གནས་ཐིང་གིས་ད་ལོའི་ཟླ་2པ་ནས་ཟླ་8པའི་བར་དུ་འབོར་ཚོ་ལྔ་པའི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་རྣམ་གྲངས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་སྙན་ཞུ་དང་ཞིབ་དཔྱད་ལས་ཀ་བསྒྲུབས་ནས། ཁུལ་དང་རྫོང་གི་དངོས་མིན་ཤུལ་རྫས་ཁང་དང་། འཇོལ་རྫོང་དང་འབའ་ལུང་རྫོང་རིག་གནས་ཤུལ་རྫས་སྲུང་སྐྱོང་སུའོ་ཡིས་གོང་ལ་སྙན་སེང་ཞུ་བའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་35ལ་ནན་ཏན་གྱིས་དཔྱད་ཞིབ་དང་ཚན་རིག་དང་མཐུན་པའི་ངང་གཏན་འབེབས་བྱེད་པ། ཐོག་མའི་ཞིབ་དཔྱད་གྲོས་ཚོགས་དང་ཁུལ་རིམ་པའི་མཁས་པས་དཔྱད་ཞིབ་གྲོས་ཚོགས་ཐོག་གྲོས་ཆོད་བྱས་ནས་མི་28བདམས་ཐོན་བྱུང་ཞིང་ཞིང་ཆེན་རིམ་པར་སྙན་སེང་ཞུ་བ། ཡུན་ནན་ཞིང་ཆེན་རིག་གནས་ཐིང་(ཡུན་ནན་རིག་གནས་དངོས་མིན་ཤུལ་རྫས)གིས་དཔྱད་ཡིག་དངོས་སུ་ཁྱབ་བསྒྲགས་བྱེད་པའི་བདམས་ཐོན་བྱུང་བའི་མིང་ཐོར་རང་ཁུལ་གྱི་མི་སྣ་19བདམས་ཐོན་བྱུང་བ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།