非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
ཞིང་ཆེན་དངོས་མིན་ཤུལ་རྫས་ལྟེ་གནས་ཀྱིས་རང་ཁུལ་གྱི་དངོས་མིན་ཤུལ་རྫས་རྣམ་གྲངས་དང་རྒྱུན་འཛིན་མཁན་ལ་མྱུར་སྐྱོབ་འཚོལ་ཞིབ་ཐོ་འགོད་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-12-09 15:05:57   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་ལམ། ཡུན་ནན་ཞིང་ཆེན་དངོས་མིན་ཤུལ་རྫས་སྲུང་སྐྱོང་ལྟེ་གནས་ཀྱིས་ཞིང་ཆེན་རིག་གནས་ཐིང་གི་མངག་གཏོང་འོག  བརྙན་ཕབ་ཚོ་ཆུང་རྩ་འཛུགས་བྱས་ནས་རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་རྫས་རྣམ་གྲངས3དང་རྣམ་གྲངས་འཐུས་ཚབ་རང་བཞིན་གྱི་མི་སྣར་མྱུར་སྐྱོབ་བརྙན་ཕབ་བྱས་པ་རེད།

        དངོས་མིན་ཤུལ་རྫས་རྣམ་གྲངས་དང་རྒྱུན་འཛིན་མཁན་གྱི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་སྲུང་སྐྱོང་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཡིན་པས་ནར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་། ཞིང་ཆེན་རིག་གནས་ཐིང་གིས་གལ་ཆེའི་གཙིགས་མཐོང་བྱས་ནས་2014ལོར་དངོས་མིན་ཤུལ་རྫས་ཀྱི་རྣམ་གྲངས5ལ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ཚོད་ལྟའི་ས་ཚིགས་ཀྱི་འོས་འགན་ལེགས་འགྲུབ་བྱུང་བར་ཐག་གཅོད་བྱས་ནས། དངོས་མིན་ཤུལ་རྫས་ཀྱི་གྲངས་མཛོད་བཙུགས་པ་རེད། བརྙན་ཕབ་བྱེད་པའི་སྐབས་སུ། བདེ་ཆེན་ཁུལ་དངོས་མིན་ཤུལ་རྫས་སྲུང་སྐྱོང་ལྟེ་གནས་ཀྱིས་ལས་རིམ་ཡོངས་སུ་བརྙན་ཕབ་ཚོ་ཆུང་ལ་རམ་འདེགས་བྱས་པ་དང་། རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་རྫས་རྣམ་གྲངས《བོད་ཀྱི་རྫ་ནག་བཟོ་བའི་ལག་རྩལ》དང་《འཇང་རིགས་ཀྱི་ཤོག་བཟོའི་ལག་རྩལ》《ཨ་ཁྲི་མུའུ་ཀྭ》དེ་མིན་རྣམ་གྲངས་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་བསོད་རྣམས་ཚེ་རིང་(རྒྱལ་ཁབ་རིམ་པ)། ཀུའོ་ཅུན་ཧྭ(ཞིང་ཆེན་རིམ་པ)། ཧོ་ཀྲི་པུན(རྒྱལ་ཁབ་རིམ་པ)། ཧོ་ཡུས་ཞིན་(ཞིང་ཆེན་རིམ་པ)། ཞུང་ཙི་དབྱི(རྒྱལ་ཁབ་རིམ་པ)། ལི་པི་ཆིང་(ཞིང་ཆེན་རིམ་པ)བཅས་ལ་མྱུར་སྐྱོབ་བརྙན་ཕབ་བྱས་པ་རེད། སྒྱུ་རྩལ་གྱི་བརྒྱུད་རིམ་ལ་བཅར་འདྲི་དང་བརྙན་ཕབ་བྱས་པ་དང་། རྣམ་གྲངས་ཆེད་མཁས་ལ་བཅར་འདྲི་སོགས་ཀྱི་ཐབས་ལམ་སྤྱད་ནས་ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་རྫས་རྣམ་གྲངས3དང་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ལ་འཚོལ་ཞིབ་ཐོ་འགོད་བྱས་པ་རེད།  

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།