非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
རས་པ་དང་སྨན་རིའི་མཆོད་འབུལ་ཞེས་པ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་རྫས་ཀྱི་མིང་ཐོར་བདམས་ཐོན་བྱུང་བ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-12-10 16:45:54   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

མིག་སྔར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབོར་ཐེངས་བཞི་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་གྱི་ཚན་པའི་མིང་ཐོ་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་གྱི་ཚན་པའི་མིང་ཐོའི་རྒྱ་སྐྱེད་མིང་ཐོ་ཁྱབ་བསྒྲགས་གཏོང་བ།    རང་ཁུལ་གྱི་རས་པ་དང་སྨན་རིའི་མཆོད་འབུལ་ཞེས་པ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་ཚན་པའི་མིང་ཐོའི་རྒྱ་སྐྱེད་ཚན་པའི་མིང་ཐོར་ཚུད་ཡོད་དེ། བྱེ་བྲག་ནི་དམངས་ཁྲོད་ཀྱི་ཞབས་བྲོའི་རིགས་དང་དམངས་སྲོལ་རིགས་དེ་གཉིས་རེད།
        ཉེ་བའི་ལོ་འགའི་རིང་། ཁུལ་དང་རྫོང་གི་རིམ་པ་སོ་སོའི་རིག་གནས་གཙོ་གཉེར་སྡེ་ཁག་དང་།   ཁུལ་དང་རྫོང་དངོས་མིན་རིག་གནས་ཤུལ་རྫས་སྲུང་སྐྱོང་ཁང་གིས་རྒྱུན་མཐུད་ཀྱིས་དངོས་མིན་རིག་གནས་ཤུལ་རྫས་ཚན་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་གྱི་སྲུང་སྐྱོང་དང་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་པར་བརྟེན་ནས། རང་ཁུལ་གྱི་དངོས་མིན་རིག་གནས་ཤུལ་རྫས་ལ་ཕན་ནུས་ཡོད་པའི་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཐུབ་པ་རེད། མིག་སྔར། རང་ཁུལ་ལ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་སྲུང་སྐྱོང་ཚན་པ་6ཡོད་དེ།   བདེ་ཆེན་སྐོར་བྲོ་དང་འཇང་རིགས་ཀྱི་ཤོག་བཟོ་ལག་རྩལ།  ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ   གེ་སར་སྒྲུང་།  བོད་རིགས་ཀྱི་རྫ་ནག་བཟོ་རྩལ།   བདེ་ཆེན་བོད་སྨན་(རུས་ནད་བཅོས་ཐབས)བཅས་རེད།རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་སྲུང་སྐྱོང་ཚན་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་6ཡོད་དེ། བདེ་ཆེན་སྐོར་བྲོའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་རྟ་མགྲིན་ཆོས་འཕེལ་དང་ཞུས་ཀུའེ་ལེན།ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་ཞུང་ཙི་དབྱི།  འཇང་རིགས་ཀྱི་ཤོག་བཟོ་ལག་རྩལ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མཁན་ཧོ་ཀྲི་པུན།  བོད་རིགས་ཀྱི་རྫ་ནག་བཟོ་རྩལ་གྱི་རྒྱུན་འཛིན་མཁན་བསོད་ནམས་ཚེ་རིང་། གེ་སར་སྒྲུང་གི་རྒྱུན་འཛིན་མཁན་ལི་པི་ཆིན་བཅས་རེད།
        ཤེས་གསལ་བྱུང་དོན།   ཐེངས་འདིར་ཁྱབ་བསྒྲགས་གཏོང་བའི་འབོར་ཐེངས་བཞི་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་ཚན་པའི་མིང་ཐོ་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་གྱི་ཚན་པའི་མིང་ཐོའི་རྒྱ་སྐྱེད་རྣམ་གྲངས་ཁྱོན་བསྡོམས་153ཡོད།   དེའི་ནང་དམངས་ཁྲོད་རིག་གནས་དང་སྲོལ་རྒྱུན་གྱི་རོལ་དབྱངས། སྲོལ་རྒྱུན་གྱི་ཞབས་བྲོ།  སྲོལ་རྒྱུན་གྱི་ཟློས་གར་དང་གཞས་མ་གཏམ་སོགས་རིགས་10གཏོགས་པ་རེད། 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།