非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
དམངས་ཁྲོད་ཀྱི་རོལ་དབྱངས་ཕུན་སུམ་ཚོགས་ཀྱང་སྲུང་སྐྱོབ་ཀྱི་རིམ་པ་དམའ་བ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-01-06 09:36:38   འབྱུང་ཁུངས།༇

 བདེ་ཆེན་ཁུལ་གྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་གྲངས་ཀ་ཕུན་སུམ་ཚོགས་ཏེ།ཁྱོན་བསྡོམས་རྣམ་གྲངས་16ཡོད་ལ།ཁུལ་རིམ་པའི་རྣམ་གྲངས་15དང་།རྫོང་རིམ་པའི་རྣམ་གྲངས་1བཅས་ཡོད་པ་རེད།དམངས་ཁྲོད་རོལ་དབྱངས་ཁྲོད་དུ་དམངས་གཞས་རིགས་ཀྱི་རྣམ་གྲངས་9ཡོད་པ་དང་།བྲོ་གར་རོལ་དབྱངས་རིགས་ཀྱི་རྣམ་གྲངས་6ཡོད་ལ།ཟློས་གར་རོལ་དབྱངས་རིགས་ཀྱི་རྣམ་གྲངས་1ཡོད་པ་རེད།བྲོ་གར་རོལ་དབྱངས་རིགས་ཀྱི་རྣམ་གྲངས་ནི་སྲོལ་རྒྱུན་བྲོ་གར་རིགས་ཀྱི་རྣམ་གྲངས་དང་དབྱེ་ནས་ཡིག་ཐོག་སྙན་ཞུ་བྱས་མོད།འོན་ཀྱང་རྣམ་གྲངས་ཀྱི་རིམ་པ་ནི་སྲོལ་རྒྱུན་བྲོ་གར་གྱི་རྣམ་གྲངས་ལས་དམའ་བ་རེད།མི་རིགས་ཀྱི་ཁྱབ་ཚུལ་ལ་དབྱེ་ན།སྲོལ་རྒྱུན་རོལ་དབྱངས་རིགས་ཀྱི་རྣམ་གྲངས་སུ་བོད་ཀྱི་རོལ་དབྱངས་མང་བ་ཡིན་ཏེ་རྣམ་གྲངས་10ཡོད།དེ་མིན།ལི་སུའུ་རིགས་དང་འཇང་རིགས།རྒྱ་རིགས་བཅས་སོ་སོར་རྣམ་གྲངས་2ཡོད་པ་རེད།

 བདེ་ཆེན་གྱི་སྲོལ་རྒྱུན་རོལ་དབྱངས་སྣ་མང་ཞིང་སྒྱུ་རྩལ་ཉམས་འགྱུར་གྱི་ཁྱད་ཆོས་ལྡན།དེའི་ཁྲོད་དུ་མཚོན་བྱེད་ལྡན་པའི་རོལ་དབྱངས་ནི་འབའ་ལུང་རྫོང་མཐའ་ཆུའི་རས་པ་དང་བོད་ཀྱི་གཞོན་ནུའི་ཇ་སྟོན་གྱི་གླུ།ལི་སུའུ་རིགས་ཀྱི་“ཨ་ཁྲི་མུའུ་ཀྭ”     འཇང་རིགས་ཀྱི་དམངས་གཞས་“ཨ་ལེ”བཅས་ཡོད་པ་རེད།མཐའ་ཆུའི་རས་པར་ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།གཞས་གདངས་སུ་འཇང་རིགས་དང་ལི་སུའུ་རིགས་ཀྱི་རོལ་དབྱངས་ཀྱི་ཁྱད་ཆོས་མཉམ་འདྲེས་བྱས་ཏེ།མཐའ་ཆུ་ས་ཁུལ་དུ་མི་རིགས་མང་པོའི་རིག་གནས་སྤེལ་རེས་བྱས་པ་དེ་ཡོངས་སུ་མཚོན་པ་རེད།བོད་ཀྱི་གཞོན་ནུའི་ཇ་སྟོན་གྱི་གླུ་ནི་སེམས་ཀྱི་ཉི་ཟླའི་མཐོ་གྲང་ཐང་ཁུལ་དུ་ཁོ་ན་ཡོད་པའི་རོལ་དབྱངས་ཤིག་ཡིན་ལ།སྤྱི་ཚོགས་རིག་གནས་སྤེལ་རེས་བྱས་པའི་དམིགས་བསལ་གྱི་ཁྱད་ཆོས་མཚོན་ཡོད་པ་རེད།ལི་སུའུ་རིགས་ཀྱི“ཨ་ཁྲི་མུའུ་ཀྭ”་ནི་འབའ་ལུང་རྫོང་གི་རྫ་ཆུའི་འབབ་རྒྱུད་དུ་ཁོ་ན་ཡོད་པའི་དམངས་ཁྲོད་རོལ་དབྱངས་ཤིག་ཡིན།དེར་ཚབས་ཆེན་གྱི་མི་རིགས་ཉམས་འགྱུར་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ལ།གླུ་ཚིག་གི་ནང་དོན་ཕུན་སུམ་ཚོགས་ཤིང་ཐོན་སྐྱེད་ཀྱི་ཤེས་བྱ་མཚོན་ཏེ།རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན།འཇང་རིགས་ཀྱི་དམངས་གཞས“ཨ་ལེ”་ནི་མི་རིགས་ཀྱི་ཁྱད་ཆོས་ཡོངས་སུ་མཚོན་པའི་གནའ་གླུ་ཞིག་རེད།གླུ་ཚིག་ཏུ་འཇང་རིགས་ཀྱི་ལོ་རྒྱུས་དང་རུས་རྒྱུད་ཀྱི་འབྱུང་རྩ་སོགས་མཚོན་ཡོད་དེ།མི་རིགས་རིག་པའི་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།

སྲོལ་རྒྱུན་རོལ་དབྱངས་ཀྱི་རྣམ་གྲངས་རིགས་ནི་མང་ཆེ་བར་ངག་ཐོག་གི་རྣམ་པ་བརྒྱུད་ནས་རྒྱུན་འཛིན་བྱེད་པ་ཡིན་ལ།གཞོན་ནུའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས།རོལ་དབྱངས་རྒྱུན་ཆད་པ་དང་ཚར་ཉེན་དུ་སླེབས་ཡོད་པས་མཐོང་ཆེན་བྱེད་དགོས་པ་རེད།དེའི་ཁྲོད་དུ་བོད་ཀྱི་གཞོན་ནུའི་ཇ་སྟོན་གྱི་གླུ་དང་།པའོ་ཧོ་གྲོང་རྡལ་གྱི་གནའ་བོའི་རོལ་དབྱངས་གཉིས་ཀར་ཉེན་ཁ་ཆེན་པོ་བྱུང་ཡོད།འབྲི་ཆུའི་འགྲམ་རྒྱུད་ཀྱི་གཞས་ཆུང་དང་མཐའ་ཆུའི་རས་པར་ཉེན་ཁ་ལྡན་པ་དང་།འཇང་རིགས་ཀྱི་རོལ་དབྱངས་“མན་ཏ”ལ་སྦྱོང་མཁན་ཉུང་བས་མངོན་མེད་ཀྱི་ཉེན་ཁ་ལྡན།དེ་མིན།སྲོལ་རྒྱུན་རོལ་དབྱངས་ཀྱི་གྲངས་ཀ་ཕུན་སུམ་ཚོགས་ཀྱང་སྲུང་སྐྱོབ་ཀྱི་རིམ་པ་དམའ་སྟེ།རྣམ་གྲངས་དེ་ལ་མཐོང་ཆེན་བྱེད་དགོས་པ་རེད།བོད་བརྒྱུད་ནང་བསྟན་གྱི་རོལ་ཆའི་སྒྲ་དབྱངས་དང་།འཇང་རིགས་ཀྱི་སྟོན་པའི་གཞས་གཏོང་བ།ཕུའུ་སྨི་རིགས་ཀྱི་དམངས་གཞས་སོགས་ད་དུང་སྲུང་སྐྱོབ་མིང་ཐོ་ལ་མ་བཞག་པའི་སྲོལ་རྒྱུན་རོལ་དབྱངས་ཀྱང་འཕྲལ་དུ་སྲུང་སྐྱོབ་བྱེད་དགོས་པ་རེད།(དབྱངས་ཅན་ལྷ་མོས་བསྒྱུར། )

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།