非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་གྱི་སྲོལ་རྒྱུན་བྲོ་གར།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2014-01-10 10:56:42   འབྱུང་ཁུངས།༇

 བདེ་ཆེན་གྱི་མི་རིགས་སོ་སོས་གླུ་གར་ལ་མཁས་ཏེ། ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་གླུ་གར་ལ་ཁ་བྲལ་མི་ཐུབ། དེའི་དབང་གིས་སྲོལ་རྒྱུན་བྲོ་གར་རིགས་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་ཤིང་།  གཙོ་བའི་རྣམ་གྲངས24ཡོད་པ་དང་།དེའི་ཁྲོད་རྒྱལ་ཁབ་རིམ་པའི་རྣམ་

གྲངས2དང་། ཞིང་ཆེན་རིམ་པའི་རྣམ་གྲངས2 ཁུལ་རིམ་པའི་རྣམ་གྲངས17 རྫོང་རིམ་པའི་རྣམ་གྲངས3བཅས་ཡོད། ཞིང་ཆེན་རིམ་པ17%ཡན་ཆད་ཟིན། འདིའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཏེ་བདེ་ཆེན་གྱི་སྐོར་བྲོ་དང་ལི་སུའུ་རིགས་ཀྱི་“ཨ་ཁྲི་མུའུ་ཀྭ”ཡོད་ལ། ཞིང་ཆེན་རིམ་པའི་རྣམ་གྲངས་ནི་བདེ་ཆེན་རྫོང་གི་བོད་ཀྱི་གཞས་བཅས་ཡོད་པ་རེད། རྣམ་གྲངས་འདིའི་ཁྲོད་འཚོ་བའི་གོམས་གཤིས་དང་དུས་ཚིགས་སྐོར་གྱི་བྲོ་གར་མང་སྟེ་ཁྱོན་བསྡོམས་20ཡོད། དེ་ལས་གཞན་ཆོས་ལུགས་དད་མོས་སྐོར་གྱི་བྲོ་གར་རྣམ་གྲངས4ཡོད་པ་དང་། སྲོལ་རྒྱུན་བྲོ་གར་རིགས་ཀྱི་རྣམ་གྲངས་སུ་བོད་ཀྱི་བྲོ་གར10དང་ལི་སུའུ་རིགས་ཀྱི་བྲོ་གར6  འཇང་རིགས་ཀྱི་བྲོ་གར6  མི་རིགས་གཞན་པའི་བྲོ་གར2བཅས་ཡོད་པ་རེད།

 སྲོལ་རྒྱུན་བྲོ་གར་གྱི་རྣམ་གྲངས་སྤྱི་ཡོངས་སུ་སྲུང་སྐྱོབ་ཀྱི་གནས་ཚལ་ལེགས་ཤིང་། དེའི་ནང་འཇང་རིགས་ཀྱི་བྲོ་གར་“མན་ཏ”ནི་སྦྱོང་མཁན་ཉུང་བ། ཕུན་སུམ་ཚོགས་པའི་བྲོ་གར་གྱི་རྣམ་གྲངས་ནི་བདེ་ཆེན་རིག་གནས་ཀྱི་ཁྱད་ཆོས་དང་རིན་ཐང་ཡོངས་སུ་མཚོན་ཏེ། མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ནི་སྐོར་བྲོ་དང་གཞས། ལི་སུའུ་རིགས་ཀྱི་“ཨ་ཁྲི་མུའུ་ཀྭ”རས་པ་བཅས་ཡོད། བྲོ་གར་རིགས་ཀྱི་རྣམ་གྲངས་ལ་ས་ཁོངས་སོ་སོས་རྒྱུན་འཛིན་བྱེད་པའི་ཁྱད་ཆོས་ལྡན་པ་དང་།  མི་རིགས་ཀྱི་རིག་གནས་མཉམ་འདྲེས་བྱེད་པའི་གནས་ཚུལ་ཡོད། དེ་མིན་བདེ་ཆེན་ཁུལ་གྱི་སྲོལ་རྒྱུན་བྲོ་གར་ནི་ཐུན་མོང་གི་ཞབས་བྲོ་ཡིན་པས་གཏམ་གླུ་སྤེལ་མའི་གླུ་གར་གྱི་ཁྱད་ཆོས་ལྡན།    གླུ་གར་གྱི་ཁྲིད་མཁན་དེ་རྩ་འཛུགས་མཁན་ཡིན་པ་མ་ཟད་གླུ་གར་ཁོང་དུ་ཆུད་ཐུབ་པ་དང་རྩལ་ནུས་ཆེས་ཡག་པའི་དགེ་རྒན་ཡང་ཡིན་ཏེ། རྣམ་གྲངས་འདི་རྒྱུན་འཛིན་བྱེད་པའི་གནད་འགག་གི་མི་སྣ་ཡིན་པ་རེད།(དབྱངས་ཅན་ལྷ་མོས་བསྒྱུར། )

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།