非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
དངོས་མིན་ཤུལ་རྫས་ཀྱི་སྲུང་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-01-22 09:28:17   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

2014ལོར།  སེམས་ཀྱི་ཉི་ཟླ་རྫོང་གིས་ཧུར་ཐག་ངང་དངོས་མིན་རིག་གནས་ཤུལ་རྫས་ཀྱི་ཡིག་ཐོག་སྙན་ཞུ་དང་།  སྲུང་སྐྱོང་དང་རྒྱུན་འཛིན་ལས་ཀ་ཡག་པོ་བསྒྲུབས་ཏེ།  རྒྱུན་མཐུད་ཀྱིས་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་།   རྫོང་ཡོངས་ཀྱི་དངོས་མིན་སྲུང་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ།
       2014ལོར།    སེམས་ཀྱི་ཉི་ཟླ་རྫོང་དངོས་མིན་རིག་གནས་ཤུལ་རྫས་སྲུང་སྐྱོང་ལྟེ་གནས་ཀྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཏུ་ཟབ་ཞུགས་ཐེངས་མང་བྱས་ཤིང་འབོར་ཐེངས་བཞི་པའི་ཁུལ་དང་རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་སྲུང་སྐྱོང་གི་ཚན་སྡེ་དང་རྒྱུན་འཛིན་པའི་ཡིག་ཐོག་སྙན་ཞུ་ལས་ཀར་ཡུལ་དངོས་སུ་བརྟག་དཔྱད་དང་བཅར་འདྲི་བྱས་པ་དང་། དཔྱད་ཡིག་འཚོལ་སྡུད་བྱས་པ་རེད།
       འབྲེལ་ཡོད་དཔྱད་ཡིག་ཡོངས་ལ་ཐོག་མའི་ལེགས་སྒྲིག་དང་ཞིབ་དཔྱད་བྱས་ནས། བླང་བྱ་ལྟར་ན་སོ་སོར་སེམས་ཀྱི་ཉི་ཟླ་རྫོང་འབོར་ཐེངས་བཞི་པའི་རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་སྲུང་སྐྱོང་ཚན་སྡེ་དང་འཐུས་ཚབ་རང་བཞིན་ལྡན་པའི་རྒྱུན་འཛིན་པའི་ཞིབ་དཔྱད་ཚོགས་འདུ་སྒྲིག་འཛུགས་བྱེད་པ་དང་།    འབྲེལ་ཡོད་ཆེད་ལས་མཁས་པས་ནན་པོའི་ངང་ལེགས་འདེམས་དང་ཞིབ་བཤེར་གཏན་འབེབས། རིགས་པས་སྒྲུབ་པ་བཅས་བྱས་ནས།    མཐར་ཚན་སྡེ་6དང་རྒྱུན་འཛིན་པ་34ལ་ཞིབ་བཤེར་གཏན་འབེབས་ཐོབ་པ།
       ཡིག་ཐོག་སྙན་ཞུ་ཐོབ་པའི་ཚན་སྡེ་སོ་སོ་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ཀ་བེད་གླིང་བུ་དང་།  ཅིན་ཅང་ལུང་ཐན་ཚོགས་མཆོད།  ཅིན་ཅང་མིའོ་རིགས་ཀྱི་ཧྭ་ཧྲན་དུས་ཆེན། ཏ་ལིན་ཨ་ས་སྨི་སོགས་ཚན་སྡེ་6རེད།
      རྒྱུན་འཛིན་པ་34ནང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་མི་སྣ་1དང་།      རོལ་དབྱངས་དང་ཞབས་བྲོའི་རིགས་ཀྱི་མི་སྣ་13།  དམངས་སྲོལ་རིགས་ཀྱི་མི་སྣ་5ཡོད་པ་རེད།  མིག་སྔར།  མི་5ནི་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པར་འདེམས་པ་དང་།      མི་སྣ་6ནི་ཞིང་ཆེན་རིམ་པའི་འབོར་ཐེངས་ལྔ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པར་འདེམས་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།