非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གྲྭར་དངོས་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་བྱས་པ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2015-06-11 17:25:58   འབྱུང་ཁུངས།༇སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སྐབས་བཅུ་པའི་རིག་གནས་ཤུལ་བཞག་ཉིན་མོ་སླེབས་པའི་དུས། རྒྱ་ཆེ་བའི་དགེ་སློབ་ཚོས་གོམ་གང་མདུན་སྤོས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དངོས་མིན་ཤུག་བཞག་གི་ཤེས་བྱ་རྒྱུས་ལོན་བྱེད་བཅུག་པའི་ཆེད་དུ། གྲོང་ཁྱེར་རིག་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་དངོས་མིན་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་སློབ་ཆུང་དུ་དངོས་མིན་ཤུལ་བཞག་གི་དྲིལ་བསྒྲགས་བྱས་པ།
        དྲིལ་བསྒྲགས་དེ་དངོས་མིན་རིག་གནས་ཤུལ་བཞག་གི་པར་རིས་འགྲེམ་སྟོན་དང་། དངོས་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱེད་པ། དངོས་མིན་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཡུལ་དངོས་སུ་ཁྲབ་སྟོན་བྱེད་པ་སོགས་ནང་དོན་གསུམ་ཡོད། པར་རིས་འགྲེམ་སྟོན་ནང་ལ་གཙོ་བོ་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པ། གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་སྲུང་སྐྱོང་རྣམ་གྲངས་འགའི་པར་རིས་ཡོད་དེ། ས་གནས་དེའི་མི་རིགས་གོས་རྒྱན་དང་། མི་རིགས་དམངས་ཁྲོད་གླུ་གར། མི་རིགས་དམངས་ཁྲོད་དུས་ཆེན། མི་རིགས་བཟོ་རྩལ་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། འདང་ངེས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པ་རྒྱས་ཤིང་ཁྱད་ཆོས་ལྡན་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་དང་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་དང་རྒྱུན་འཛིན་ངང་ཚུལ་སྟོན་པ།  མིག་སྔའི་བར། གྲོང་ཁྱེར་དེའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་སྲུང་སྐྱོང་རྣམ་གྲངས་ཀྱི་མིང་ཐོ་དང་རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་མི་སྣ་ཁྱོན་བསྡོམས་ཁག135ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཐེངས་འདིར་སློབ་གྲྭར་དངོས་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་བྱེད་སྒོའི་ནང་དྲིལ་བསྒྲགས་པང་ལེབ30ལྷག་འགྲེམ་སྟོན་བྱས་པ་དང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས1000ལྷག་འགྲེམ་གཏོང་བྱས་པ་རེད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།